ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་དང་པོ་དེ་ཚེས་28ཉིན་པེ་ཅིང་དུ་འགོ་ཚུགས།

2023-11-30 08:58:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་སྤེལ་དངོས་མང་སྟོན་ཚོགས་ཚེས་28ཉིན་པེ་ཅིང་དུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་འགྲེམས་ཚོགས་ཐོགའཛམ་གླིང་དང་འབྲེལ་མཐུད་བྱས་ནས། འབྱུང་འགྱུར་མཉམ་དུ་གཏོདཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། འགྲེམས་ཚོགས་ནང་ཞུགས་པའི་ཀྲུང་ཕྱིའི་ཁེ་ལས་དང་སྒྲིག་གཞིས་ཉིན་5ཡི་ཚོགས་འདུའི་རིང་སྦྲེལ་ཐག་ཁག་གི་སྟོད་སྨད་བར་གསུམ་གྱི་འགག་རྩའི་ལྷུ་ཚིགས་ཁག་གི་ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ཞབས་ཞུ་གསར་པ་བཅས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།

སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་སྤེལ་དངོས་མང་སྟོན་ཚོགས་ཀྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་10ཟིན་པ་དང་། རིག་ནུས་རླངས་འཁོར་སྦྲེལ་ཐག་དང་། ལྗང་མདོག་ཞིང་ལས་སྦྲེལ་ཐག དྭངས་གཙང་ནུས་རྒྱུའི་སྦྲེལ་འབྲེལ། གྲངས་གཞིའི་ཚན་རྩལ་སྦྲེལ་ཐག བདེ་ཐང་འཚོ་བའི་སྦྲེལ་ཐག་སོགས་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་ཞབས་ཞུའི་འགྲེམས་ཁུལ་ཆེན་པོ་5བཀོད་སྒྲིག་བྱས་པ་དང་། ཀྲུང་ཕྱིའི་ཁེ་ལས་དང་སྒྲིག་གཞི་515འགྲེམས་ཚོགས་ནང་ཞུགས་ཡོད་པ་དང་། ཕྱི་རྒྱལ་ནས་ཡོང་བའི་འགྲེམས་ཞུགས་ཚོང་པས་བཟུང་བའི་བསྡུར་ཚད་26%ཟིན་ཡོད་པ་རེད། ཁེ་ལས་མི་ཉུང་བ་ཞིག་གིས་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་སྤེལ་དངོས་མང་སྟོན་ཚོགས་ཐོག་མཉམ་ལས་ཀྱི་རོགས་ཟླ་འཚོལ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་སྤེལ་དངོས་མང་སྟོན་ཚོགས་ཀྱིས་ཆེད་དོན་གླེང་སྟེགས་དང་ཆ་སྦྱོར་བྱེད་སྒོ་མང་པོ་ཞིག་གཉེར་རྒྱུ་ཡིན་པ་དང་། ཚེས་27ཉིན་གྱི་ཕྱི་དྲོ་སྐོང་ཚོགས་བྱས་པའི་ཉོ་ཚོང་སྐུལ་འདེད་ཀྱི་རིག་མཛོད་གླེང་སྟེགས་ཐོག གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་གི་སྐུལ་འདེད་སྙན་ཞུཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་ནས། གོ་ལ་ཧྲིལ་པོའི་ལྟ་ཕྱོགས་ཐོག་ནས་མཁོ་སྤྲོད་སྦྲེལ་ཐག་གི་སྐུལ་འདེད་ ཞིབ་འཇུག་ཐེངས་དང་པོ་བྱས་པ་རེད།

གཞན་ཡང་། ཚེས་27ཉིན་གྱི་སྔ་དྲོར་འཚོགས་པའི་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་གི་དངོས་མང་སྟོན་ཚོགས་ལ་སྐུལ་འདེད་གཏོང་བའི་འགོ་ཚུགས་མཛད་སྒོ་དང་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་གི་གསར་གཏོད་འཕེལ་རྒྱས་གླེང་སྟེགས་ཐོག ཀྲུང་གོ་ཉོ་ཚོང་སྐུལ་འདེད་ལྷན་ཚོགས་ཀྱིས་ཚོགས་ཞུགས་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་དང་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉམ་སྦྲེལ་མཉམ་མཐུད་ཀྱི་པེ་ཅིང་གྲོས་འགོཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པ་རེད།

中央广播电视总台 央广网 版权所有

ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་དང་པོ་དེ་ཚེས་28ཉིན་པེ་ཅིང་དུ་འགོ་ཚུགས།

སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་སྤེལ་དངོས་མང་སྟོན་ཚོགས་ཀྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་10ཟིན་པ་དང་།