ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྐབས་དང་པོའི་སྦྲེལ་ཐག་དངོས་མང་འགྲེམ་ཚོགས་འགོ་ཚུགས་པ་དང་། ཀྲུང་ཕྱིའི་ཁེ་ལས་དང་ཚན་པ་༥༠༠ལས་བརྒལ་བ་འགྲེམ་ཚོགས་ནང་ཞུགས་པ།

2023-11-28 11:44:00     责编:娜科

 

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།          སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་འདེད་དངོས་མང་འགྲེམ་ཚོགས་སྤྱི་ཚེས་༢༨ཉིན་ནས་སྤྱི་ཟླ་༡༢པའི་ཚེས་༢ཉིན་བར་པེ་ཅིང་དུ་གཉེར་བཞིན་ཡོད།  དེ་ནི་གོ་ལ་ཧྲིལ་པོའི་མཁོ་སྤྲོད་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་རིམ་པའི་འགྲེམ་ཚོགས་ཤིག་རེད།  འགྲེམ་ཚོགས་ལ་ཞུགས་མཁན་ཀྲུང་ཕྱིའི་ཁེ་ལས་དང་ཚན་པ་༥༡༥ཡིས་སྦྲེལ་ཐག་ཁག་གི་གོང་འོག་ཀུན་ན་གནས་པའི་འགག་རྩའི་ལྷུ་ཚིགས་ཀྱི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་ཞབས་ཞུ་གསར་པ་བཅས་གཅིག་སྡུད་ཐོག་འགྲེམ་སྟོན་བྱེད་པ་དང་།  གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་ཐོག་བདེ་བགྲོད་ཡོང་བར་རོགས་འདེགས་བྱ་རྒྱུ་ཡིན་པ་རེད།

      སྐབས་དང་པོའི་སྦྲེལ་ཐག་དངོས་མང་འགྲེམ་ཚོགས་ནི་༼འཛམ་གླིང་སྦྲེལ་མཐུད།  འབྱུང་འགྱུར་གསར་གཏོད་༽ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་།  འགྲེམ་ཚོགས་དེའི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཆིག་འབུམ་ཟིན་པ་དང་།   རིག་ནུས་རླངས་འཁོར་སྦྲེལ་ཐག་དང་། སྦགས་མེད་ཞིང་ལས་སྦྲེལ་ཐག  དྭངས་གཙང་ནུས་རྒྱུའི་སྦྲེལ་ཐག  གྲངས་འཛིན་ཚན་རྩལ་སྦྲེག་ཐག  བདེ་ཐང་འཚོ་བའི་སྦྲེལ་ཐག་སོགས་སྦྲེལ་ཐག་ཆེ་ཁག་ལྔ་དང་མཁོ་སྤྲོད་སྦྲེལ་ཐག་ཞབས་ཞུའི་འགྲེམ་ཁུལ་བཅས་བཀོད་སྒྲིག་བྱས་ཡོད། འགྲེམ་ཚོགས་དེའི་གཏིང་ཟབ་ཚད་ནས་བཤད་ན་སྦྲེལ་ཐག་ཁག་གི་ལྷུ་ཚིགས་སོ་སོའི་སྔོན་ཐོན་ལག་རྩལ་དང་། ཐོན་རྫས། དེ་བཞིན་འབྱུང་འགྱུར་གྱི་འཕེལ་ཕྱོགས་བཅས་འགྲེམ་སྟོན་བྱས་ཡོད་པ་དང་།  རྒྱ་ཆེ་ཚད་ལས་བཤད་ན་དངུལ་རྩ་དང་། ཟོག་འགྲེམ། སྟེགས་བུའི་ཁེ་ལས་སོགས་ཀྱི་ཞབས་ཞུ་འགྲེམ་སྟོན་བྱས་ཡོད་ཅིང་།    སྦྲེལ་ཐག་སོ་སོའི་གོང་འོག་ན་གནས་པའི་ཐོན་ལས་མཉམ་ལས་དང་ཐུན་མོང་གོང་འཕེལ་ལ་རམ་འདེགས་བྱ་རྒྱུ་རེད།    སྐབས་དང་པོའི་སྦྲེལ་ཐག་དངོས་མང་འགྲེམ་ཚོགས་ལ་ཕྱི་རྒྱལ་ནས་ཞུགས་པར་སླེབས་པའི་ཚོང་དུད་ཀྱི་གྲངས་འབོར་དེ་༢༦%ཟིན་པ་དང་།  རྒྱལ་ཁབ་དང་ས་ཁུལ་༥༥ལ་ཁྱབ་ཡོད།  དེའི་ནང་ནས་ཨ་རི་དང་། ཡོ་རོབ་ཀྱི་ཁེ་ལས་ཀྱིས་ཕྱི་ཕྱོགས་ཚོང་དུད་གྲངས་འབོར་གྱི་༣༦%བཟུང་ཡོད།  

        ཐོན་རྫས་ཞིབ་བཟོ་ཇུས་འགོད་དང་མ་བཅོས་རྒྱུ་ཆའི་ཉོ་སྒྲུབ་སྐྱེལ་འདྲེན་བྱེད་པ་ ནས། ཕྱེད་བཟོས་ཐོན་རྫས་དང་།  ཐོན་རྫས་ཆ་ཚང་བ་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པའི་བར་དང་།  དེ་ནས་འཛད་སྤྱོད་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་བར་ལས་ཕྱོད་ཆེན་པོས་མཐུན་སྦྱོར་བྱེད་པའི་སྦྲེལ་ཐག་མ་ལག་ཅིག་གྲུབ་པ་དང་།  མ་ལག་དེའི་མིང་ལ་མཁོ་སྤྲོད་སྦྲེལ་ཐག་ཟེར་གྱི་ཡོད།  ཀྲུང་གོ་ཉོ་ཚོང་སྐུལ་འདེད་ལྷན་ཚོགས་ཞིབ་འཇུག་གླིང་གི་འགོ་འཛིན་ཀྲའོ་ཕིང་གིས།  གོ་ལ་ཧྲིལ་པོའི་ཉོ་ཚོང་ལས་༢/༣ནི་མཁོ་སྤྲོད་སྦྲེལ་ཐག་དང་ཐད་ཀའི་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང་།  འཛམ་གླིང་དངུལ་ཁང་གི་ཞིབ་འཇུག་ལས་མངོན་པར། གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་ནང་ཞུགས་པའི་ཚད་གཞི་དེ་༡%མཐོ་རུ་ཕྱིན་པ་ཡིན་ན།  གོ་ལ་ཧྲིལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་ཆུ་ཚད་༡%ཡན་མཐོ་རུ་འགྲོ་ཐུབ་ཀྱི་ཡོད།    དེར་བརྟེན་སྐབས་དང་པོའི་སྦྲེལ་ཐག་དངོས་མང་འགྲེམ་ཚོགས་གཉེར་བ་དེས་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ནས།  དཔལ་འབྱོར་གོང་འཕེལ་གྱི་གྲུབ་འབྲས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཚོས་ལོངས་སུ་སྤྱོད་ཐུབ་རྒྱུ་ཡིན་པ་རེད། 

中央广播电视总台 央广网 版权所有

སྐབས་དང་པོའི་སྦྲེལ་ཐག་དངོས་མང་འགྲེམ་ཚོགས་འགོ་ཚུགས་པ་དང་། ཀྲུང་ཕྱིའི་ཁེ་ལས་དང་ཚན་པ་༥༠༠ལས་བརྒལ་བ་འགྲེམ་ཚོགས་ནང་ཞུགས་པ།

དཔལ་འབྱོར་གོང་འཕེལ་གྱི་གྲུབ་འབྲས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཚོས་ལོངས་སུ་སྤྱོད་ཐུབ་རྒྱུ་ཡིན་པ་རེད།