ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་ལི་ཅང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལམ་མཚམས་སུ་ལྕགས་ལམ་བཏིང་ཟིན་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་ལི་ཅང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལམ་མཚམས་སྤྱི་ཚེས་19ཉིན་ལྕགས་ལམ་བཏིང་ཟིན་པ་དང་། འདི་ལོར་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུའི་འཆར་གཞི་ཡོད་པ་རེད། སྐབས་དེ་དུས། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ལྕགས་ལམ་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་མཇུག་སྒྲིག་རྒྱུ་ཡིན་པ་དང་། རང་རྒྱལ་མཐོ་སྒང་གི་རྙོག་འཛིང་ཆེ་བའི་ས་གཞིའི་ཐོག ལྕགས་ལམ་འཛུགས་སྐྲུན་བྱེད་པའི་ཐད་འགག་གཏོར་གསར་པ་བྱུང་བ་མཚོན་གྱི་ཡོད་པ་རེད།