ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལྗར་པན་ཁྲུང་ཧྲེང་རྫོང་གི་རྫོང་དཔོན་གྱིས“ཨ་རིའི་དམག་གི་རྟེན་གཞི་གཅིག་སྡུད་ཆེ་དྲགས་ནས་ཁྲུང་ཧྲེང་གི་ཞི་བདེར་འཇིགས་སྐུལ་བཟོ་ཡི་འདུག”ཅེས་སྐྱོན་འཛུགས་བྱས་པ།

2023-09-20 16:52:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལྗར་པན་སྨྱན་སྦྱོར་གྱིས་ཚེས་19ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཁྲུང་ཧྲེང་རྫོང་གི་རྫོང་དཔོན་ཡུས་ཁྲེང་ཏན་ཉི་ཡིས་སུའེ་ཙེར་གྱི་རི་ནེ་ཝར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས། “ཨ་རིའི་དམག་གི་རྟེན་གཞི་གཅིག་སྡུད་ཆེ་དྲགས་ནས་ཁྲུང་ཧྲེང་གི་ཞི་བདེར་འཇིགས་སྐུལ་བཟོ་ཡི་འདུག”ཅེས་སྐྱོན་འཛུགས་བྱས་པ་མ་ཟད། ལྗར་པན་སྲིད་གཞུང་གིས་དམངས་འདོད་ལ་མི་བལྟོས་པར་མིང་ཧུའུ་གྲོང་ཁྱེར་པེན་ཡེ་ཀུའུ་རུ་བཙན་ཤེད་ཀྱིས་ཨ་རིའི་དམག་གི་རྟེན་གཞི་གསར་པ་འཛུགས་པར་ངོ་རྒོལ་ཡང་བྱས་ཡོད། ཡུས་ཁྲེང་ཏན་ཉི་ཡིས་གཏམ་བཤད་མ་སྤེལ་གོང་ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་ཞུ་བ་དང་ཐུག་འཕྲད་བྱས་ཡོད། ཨ་རིའི་དམག་གི་རྟེན་གཞིའི་ཉེ་འཁོར་གྱི་ཆུའི་ནང་ཧྥོ་ཡིས་ཁེངས་པ་དང་ཧྥོ་མང་བའི་ཝན་གཞིའི་དངོས་པོ་ཚད་ལས་བརྒལ་བ་སོགས་ཀྱི་གནད་དོན་ཞིབ་དཔྱད་ཚད་ལེན་ཐུབ་པ་གོང་ཞུ་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ལྗར་པན་ཁྲུང་ཧྲེང་རྫོང་གི་རྫོང་དཔོན་གྱིས“ཨ་རིའི་དམག་གི་རྟེན་གཞི་གཅིག་སྡུད་ཆེ་དྲགས་ནས་ཁྲུང་ཧྲེང་གི་ཞི་བདེར་འཇིགས་སྐུལ་བཟོ་ཡི་འདུག”ཅེས་སྐྱོན་འཛུགས་བྱས་པ།

ཨ་རིའི་དམག་གི་རྟེན་གཞིའི་ཉེ་འཁོར་གྱི་ཆུའི་ནང་ཧྥོ་ཡིས་ཁེངས་པ་དང་ཧྥོ་མང་བའི་ཝན་གཞིའི་དངོས་པོ་ཚད་ལས་བརྒལ་བ་སོགས་ཀྱི་གནད་དོན་ཞིབ་དཔྱད་ཚད་ལེན་ཐུབ་པ་གོང་ཞུ་བྱས་ཡོད།