ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དབྱིན་ཇིའི་དབྱིན་ཀེ་ལན་ས་ཁུལ་གྱི་མཐོ་རིམ་སྨན་པས་དུས་ཡུན་ཉིན་གཉིས་ཀྱི་ལས་མཚམས་འཇོག་འགོ་ཚུགས་པ།

2023-09-20 16:51:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱིན་ཇིའི་དབྱིན་ཀེ་ལན་ས་ཁུལ་གྱི་མཐོ་རིམ་སྨན་པས་ཚེས་19ཉིན་ནས་བཟུང་ དུས་ཡུན་ཉིན་གཉིས་ཀྱི་ལས་མཚམས་བཞག་ཡོད། དེ་ནི་མཐོ་རིམ་སྨན་པས་ད་ལོའི་ཚུན་དུ་ལས་མཚམས་འཇོག་ཐེངས་གསུམ་པ་དེ་རེད། དབྱིན་ཇིའི་དམའ་རིམ་སྨན་པས་ཀྱང་ཟླ་9ཚེས་20ཉིན་ནས་ཚེས་22ཉིན་བར་ལས་མཚམས་ཉིན་གསུམ་འཇོག་རྒྱུ་དང་། ཁོང་ཚོའི་འདི་ལོ་ཚུན་གྱི་ལས་མཚམས་འཇོག་ཐེངས་དྲུག་པ་དེ་སྤེལ་རྒྱུ་ཡིན་པ་རེད། དེ་མིན། མཐོ་རིམ་སྨན་པ་དང་དམའ་རིམ་སྨན་པ་ཚང་མས་ཟླ10པའི་ཚེས2ནས་ཚེས4ཉིན་བར་ལས་མཚམས་འཇོག་རྩིས་ཡོད་པ་རེད། མཐོ་རིམ་དང་དམའ་རིམ་སྨན་པའི་འཆར་གཞིའི་ནང་གི་ལས་མཚམས་འཇོག་པའི་བྱ་སྤྱོད་སྤེལ་བའི་དུས་ཚོད་ཉིན་བཞི་མཉམ་དུ་འཁེལ་ཡོད། དེ་ནི་དབྱིན་ཇིའི་རྒྱལ་ཁབ་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་གི་ལོ་རྒྱུས་ཐོག་མཐོ་རིམ་དང་དམའ་རིམ་སྨན་པས་མཉམ་འབྲེལ་ཐོག་ལས་མཚམས་འཇོག་ཐེངས་དང་པོ་ཡིན་པ་རེད།

  ད་ཐེངས་ལས་མཚམས་བཞག་པའི་རྒྱུ་རྐྱེན་གཙོ་བོ་ནི་སྔར་བཞིན་གླ་ཕོགས་ཀྱི་རྩོད་གཞི་རེད། དབྱིན་ཇིའི་སྲིད་གཞུང་དང་དབྱིན་ཇིའི་གསོ་རིག་སློབ་ཚོགས་དབར་གྲོས་མོལ་ཟླ་བ་ཁ་ཤས་བྱས་ཀྱང་ངོས་འཛིན་གཅིག་མཐུན་བྱུང་མེད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

  ཞུ་དག གཡུ་སྒྲོན།

  ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有