སྐབས་78པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་དེ་ཉིའུ་གཡོག་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འགོ་ཚུགས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་78པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་དེ་ཚེས་19ཉིན་ཉིའུ་གཡོག་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འགོ་ཚུགས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་193ནས་ཕེབས་པའི་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། མཐོ་རིམ་སྐུ་ཚབ་བཅས་ཀྱིས་རྒྱུན་མཐུད་གོང་འཕེལ་གྱི་དམིགས་ཚད་ལ་སྐུལ་འདེད་གཏོང་བ་དང་། གནམ་གཤིས་ཀྱི་ཉམས་ཉེན་ལ་ཁ་གཏད་གཅོག་པ། རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་འགྲོ་བའི་བདེ་འཇགས་དུས་བབ་ཞི་ལྷོད་དུ་གཏོང་བ་སོགས་ཀྱི་འགག་རྩའི་གྲོས་གཞིར་གྲོས་བསྡུར་བྱེད་བཞིན་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
ཡིག་སྒྱུར། མཚམས་གཅོད།