ས་གནས་ཁག་གིས་ཞིང་ལས་འཕྲུལ་ཆས་ཀྱི་ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། ནུས་ཤུགས་ཡོད་རྒུས་སྟོན་གསུམ་ཐོན་སྐྱེད་ལ་གྲ་སྒྲིག་བྱས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མིག་སྔར། རྒྱལ་ཡོངས་ས་གནས་ཁག་ཏུ་གཅིག་མཇུག་གཉིས་མཐུད་ངང་སྟོན་འབྲུ་བསྡུ་བའི་དུས་སུ་སླེབས་པ་དང་། ས་གནས་མང་པོས་ཞིང་ལས་འཕྲུལ་ཆས་ཀྱི་ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། ནུས་ཤུགས་ཡོད་རྒུས་སྟོན་གསུམ་ཐོན་སྐྱེད་ལ་གྲ་སྒྲིག་བྱས་པ་དང་། འབྲུ་རིགས་ཐོན་འབོར་ཡག་པོ་ཡོང་རྒྱུར་འགན་ལེན་བྱས་ཡོད།
ཧོ་ནན་ཞིང་ཆེན་གྱི་ཞིང་ལས་དང་གྲོང་གསེབ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཚན་པས་མཉམ་འབྲེལ་ཐོག་ལོ་ཧྲིལ་པོར་ནུས་པ་ལྡན་པའི་ས་ཁོངས་བརྒལ་ནས་ལས་ཀ་བྱེད་ཆོག་པའི་ལག་ཁྱེར་ཁྲི་5སྤྲད་ཡོད་པ་དང་། མྱུར་བགྲོད་གཞུང་ལམ་གྱི་རིན་པ་བསྡུ་སའི་ས་ཚིགས་ཁག་ལ་སྟོན་གསུམ་གྱི་འཕྲུལ་བསྡུའི་སྐྱེལ་འདྲེན་རླངས་འཁོར་ཤར་གཏོང་འགྲོ་ལམ་བཀོད་སྒྲིག་བྱས་ཡོད་པ་དང་། ས་ཚིགས་སྒྲོལ་བའི་བརྒྱུད་རིམ་སྟབས་བདེ་རུ་བཏང་ཏེ། ནུས་པ་ལྡན་པའི་མཉམ་འབྲེལ་གྱི་བརྔ་བསྡུ་འཕྲུལ་འཁོར་དང་རྨོ་འདེབས་འཕྲུལ་འཁོར་ས་ཁོངས་བརྒལ་ནས་ལས་ཀ་བྱེད་ཆོག་པའི་ལག་ཁྱེར་ཡོད་པའི་ས་ཁོངས་བརྒལ་ནས་ལས་ཀ་བྱེད་མཁན་གྱི་འཕྲུལ་འཁོར་རིན་པ་མི་དགོས་པར་མགྱོགས་མྱུར་ཤར་བགྲོད་ཐུབ་རྒྱུར་སྔོན་ལ་འགན་ལེན་བྱས་ཡོད། ཧྲང་ཧའེ་ནས་ཧྲའན་ཞི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཤིན་ཡང་ཁུལ་གསར་གྱི་རིན་པ་བསྡུ་སའི་ས་ཚིགས་ཀྱི་འགན་འཁུར་བ་ཝང་ཧོན་གྱིས། ཞིང་ལས་འཕྲུལ་ཆས་ཀྱི་རླངས་འཁོར་ཁག་གཅིག་ཚད་ལས་བརྒལ་ནས་སྐྱེལ་འདྲེན་བྱེད་པའི་ལག་ཁྱེར་ཆ་ཚང་མེད་པའི་གནས་ཚུལ་ཐད། ང་ཚོས་སྔོན་ལ་ཁ་ལོ་བར་གང་མགྱོགས་དྲ་ཐོག་ནས་ལག་ཁྱེར་གཉེར་དགོས་པའི་དྲན་སྐུལ་བྱེད་པ་དང་། ང་ཚོས་ཐང་ཆེན་ཐོག་གི་པར་ལེན་ཡོ་ཆས་བརྒྱུད་ནས་དཔང་རྟགས་ལེན་ཏེ། གང་མགྱོགས་ཤར་བགྲོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད། དེ་རྗེས་ང་ཚོས་རྒྱབ་ཕྱོགས་ཀྱི་གྲངས་གཞིར་ཁ་གསབ་བྱས་ཏེ། ཞིང་ལས་འཕྲུལ་ཆས་སྐྱེལ་འདྲེན་རླངས་འཁོར་མགྱོགས་མྱུར་ཤར་གཏོང་ཐུབ་རྒྱུར་འགན་ལེན་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།