དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་སྲུང་སྐྱོང་གི་དྲིལ་སྒྲོག་ཉིན་མོ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱ་སྟོབས་ལྡན་རྒྱལ་ཁབ་ཀྱི་དགོངས་པ་དྲིལ་སྒྲོག་གང་ལེགས་བྱས་ཏེ། དྲ་རྒྱའི་བདེ་འཇགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལེགས་པར་མཚོན་ནས། རྒྱ་ཆེའི་བུད་མེད་དང་ཁྱིམ་མིའི་དྲ་རྒྱའི་བདེ་འཇགས་འདུ་ཤེས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་འདུ་ཤེས། རང་ངོས་ཀྱི་སྔོན་འགོག་རྩལ་ནུས་བཅས་ཆེ་རུ་གཏོང་ཆེད། ཟླ9པའི་ཚེས17ཉིན། རྫོང་སྤྱི་ཁྱབ་བཟོ་ཚོགས་དང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྲོམ་གཞུང་དང་ས་མཐོའི་གཅེས་ནོར་འབྲི་འོ་ལས་རིགས་མ་རྐང་ཚད་ཡོད་ཀུར2023ལོའི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་བྱེད་སྒོ་སྤེལ།
བྱེད་སྒོར་ལས་དོན་མི་སྣས་སྒྲོག་ཡིག་བཀལ་བ་དང་སྒྲོག་ཤོག་བཀྲམ་པ། ཡུལ་དངོས་ནས་དོགས་གནད་སེལ་བ་བཅས་ཀྱི་ལམ་ནས་དྲ་རྒྱའི་མགོ་སྐོར་གསལ་རྟོགས་དང་འགོག་ཟོན། མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བཏང་། རྒྱ་ཆེའི་མང་ཚོགས་ལ་འཚོ་བའི་ཁྲོད་མི་སྒེར་གྱི་ཆ་འཕྲིན་ལེགས་སྲུང་སྒོས་དྲ་རྒྱའི་བདེན་རྫུན་དབྱེ་འབྱེད་བྱས་ཏེ་མགོ་སྐོར་དུ་མི་ཚུད་པར་ཁྲིད་སྟོན་བྱས། གཞན་འགྲོ་འོང་མང་ཚོགས་ལ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་སྟངས་དང་བཅའ་ཁྲིམས་ལ་བརྟེན་ནས་རང་གི་ཆ་འཕྲིན་སྲུང་སྐྱོང་བྱེད་ཐབས་གང་ལེགས་སྒྲོག མང་ཚོགས་ཀྱིས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་མི་བཤད་པ། དཀྲོག་གཏམ་མི་སྒྲོག་པར་ཁྲིད་སྟོན་བྱས་ཏེ། དྲ་རྒྱའི་དྲང་ཕྱོགས་ཀྱི་ནུས་པ་བརྒྱུད་སྤེལ་སྒོས་མང་ཚོགས་ཀྱི་མགོ་སྐོར་སྔོན་འགོག་གི་འདུ་ཤེས་ཇེ་ཟབ་ཏུ་བཏང་། དྲ་རྒྱའི་བདེ་འཇགས་ཀྱི་སྲུང་ཡོལ་ཇེ་བརྟན་དུ་བཏང་ནས། རང་ངོས་ཀྱི་དོགས་ཟོན་འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པར་ཁྲིད་སྟོན་བྱས།
བྱེད་སྒོར་ཁྱོན་དྲིལ་སྒྲོག་དཔྱད་ཡིག400ལྷག་ཙམ་བཀྲམ། ཐེངས་འདིའི་དྲིལ་སྒྲོག་བྱེད་སྒོ་བརྒྱུད་རྒྱ་ཆེའི་མང་ཚོགས་ཀྱིས་དྲ་རྒྱའི་ཁ་བསླུས་ངོས་འཛིན་དབྱེ་འབྱེད་ནུས་པ་དང་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་བཏང་། རྒྱ་ཆེའི་མང་ཚོགས་ཀྱིས་དྲ་རྒྱའི་བདེ་འཇགས་ལ་དོ་ཁུར་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། དྲ་རྒྱའི་བདེ་འཇགས་དམངས་ཀྱི་དོན་ཡིན་པ་དང་དྲ་རྒྱའི་བདེ་འཇགས་ལ་དམངས་ལ་བརྟེན་པའི་ཁོར་ཡུག་ལེགས་པོ་བསྐྲུན།
དུས་མཚུངས་སུ་ཐེ་བོ་གྲོང་རྡལ་གྱིས་དྲ་རྒྱའི་བདེ་འཇགས་དམངས་ཀྱི་དོན་ཡིན་པ་དང་མི་དམངས་ལ་བརྟེན་དགོས་ཞེས་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོ་སྤེལ། ཐེ་བོ་གྲོང་རྡལ་ལ་མཚོན་ན་གྲོང་ཚོ་དང་མི་འབོར་མང་པས། དྲ་རྒྱའི་བདེ་འཇགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་གྲོང་རྡལ་ཞི་མཐུན་གཏན་འཇགས་ཡོང་བར་དོན་སྙིང་གལ་ཆེན་ལྡན། དྲ་རྒྱའི་བདེ་འཇགས་ཤེས་བྱ་འགྲན་བསྡུར་དང་ལས་བྱེད་སྒྲིག་འཛིགས་བྱས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ལ་སློབ་སྦྱོང་བྱས། དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་སྦྱར་ཡིག་བཀལ་ནས་དྲ་རྒྱའི་བདེ་འཇགས་གྲོས་ཡིག དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་ལག་དེབ་བཀྲམ་པ་བརྒྱུད། དྲ་རྒྱའི་བདེ་འཇགས་ལུས་ཁུངས་དང་སློབ་གྲྭ གྲོང་ཚོ། དུད་ཚང་བཅས་སྐྱེལ་བའི་དྲིལ་སྒྲོག་བྱེད་སྒོ་སྤེལ། མི་དམངས་མང་ཚོགས་ཀྱིས་གོ་བདེ་ཤེས་སླའི་བྱེད་ཐབས་བརྒྱུད་དྲ་རྒྱའི་བདེ་འཇགས་ཤེས་བྱ་དང་འགོག་སྲུང་རྩལ་ནུས་དྲིལ་སྒྲོག་གང་ལེགས་བྱས་ཏེ། དྲ་རྒྱའི་བདེ་འཇགས་ཤེས་བྱ་གྲོང་ཚོར་སྒྲོག་ནས་དྲ་རྒྱའི་བདེ་འཇགས་ཁོར་ཡུག་ལེགས་པོ་བསྐྲུན།
ཡོང་ཁུངས། མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ། ལྷ་མོ་ཚེ་རིང་།