ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

བྱམས་མེ་གྲོང་རྡལ་གྱི་གཙང་གསུམ་བཤིག་གསུམ་སྐྱོང་གསུམ།

2023-09-19 17:45:00     责编:娜科

 

ཉིན་ཤས་རིང་བྱམས་མེ་གྲོང་རྡལ་གྱིས་རྫོང་ཨུའི་ལས་དོན་བཀོད་སྒྲིག་ལ་དམིགས་ནས་མཛེས་ལྡན་བྱམས་མེ་བསྐྲུན་པར་དམ་འཛིན་གང་ལེགས་བྱས། ཚད་མཐོའི་འགན་འཁྲི་འཁུར་སེམས་ཀྱིས་གཙང་གསུམ་བཤིག་གསུམ་སྐྱོང་གསུམ་གྱི་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། ཁོངས་གཏོགས་ཁུལ་གྱི་གཞིས་སྡོད་ཁོར་ཡུག་ལེགས་པོ་བསྐྲུན།

ལམ་ཁའི་གད་སྙིགས་གཙང་སེལ་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་བྱས། བྱམས་མེ་གྲོང་རྡལ་གྱི་ཁོར་ཡུག་གཙང་སྦྲ་བཅོས་སྒྲིག་ལས་དོན་རྒྱུན་རྣམ་ཅན་དུ་བཏང་ནས། སྤྱི་ཕན་རང་བཞིན་གྱི་ལས་བཟོ་པ་དང་ལས་བྱེད་མང་ཚོགས་ལ་སྐུལ་སློང་བྱས་ཏེ། ཟླ་རེའི་ཚེས14པའི་ཁོར་ཡུག་གཙང་སྦྲ་བཅོས་སྒྲིག་ཆེན་མོ་དང་གཟའ་པ་སངས་ཉིན་གྱི་གཙང་སྦྲ་ཆེན་མོ་སོགས་ཀྱི་དང་བླངས་གཙང་སྦྲའི་བྱེད་སྒོ་སྤེལ་ནས། ཟླ་རེར་གད་སྙིགས་ཏུན5གཙང་སེལ་བྱས་ཏེ་མང་ཚོགས་ཀྱི་ཁོར་ཡུག་གཙང་སྦྲའི་འདུ་ཤེས་སྐྱེད་སྲིང་བྱས། 

སྒོ་བྱང་རྙིང་བ་བླངས་ནས་རྣམ་པ་ལེགས་པོ་བསྐྲུན།  ཁོངས་གཏོགས་ཁུལ་གྱི་སྒོ་བྱང་རྙིང་བ་ག་ཙམ་ཡོད་པ་ཐོ་འགོད་བྱས་ཏེ། གོང་རིམ་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་སྒོ་བྱང་རྙིང་བ་བརྗེ། ཟླ་བ་འདིར་སྒོ་བྱང་རྙིང་བ5བཤིག 1གསར་པ་བརྗེ། 1བཅོས་སྒྲིག་བྱས། གང་བྱུང་དུ་འཇོག་པའི་གནས་ཚུལ་ལ་གཞིགས་ནས།  ཁོངས་གཏོགས་ཁུལ་གྱི་རྒྱུན་སྡོད་ཁྱིམ་དུད་དང་བཟོ་ཚོང་ཁང་ལ་སྒོ་མདུན་གྱི་འགན་ལེན་གསུམ་གྱི་འགན་འཁྲིའི་ཡི་གེ300ལྷག་བཞག་ནས།   བདག་པོའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་ གྲོང་ཚོའི་ཁོར་ཡུག་ལེགས་པོ་བསྐྲུན། 

ཨ་བྲ་དང་འབུའི་གནོད་འཚེ་བཅོས་ནས་རྩྭ་ཐང་གི་འབྱུང་ཁམས་ལེགས་པར་སྲུང་།  《བྱམས་མེ་གྲོང་རྡལ་ཨ་བྲ་ཚོད་འཛིན་ལས་དོན་ཇུས་གཞི》བཟོས་ནས། ཟླ་རེར་ཚོད་འཛིན་ཐེངས་གཅིག་གི་བླང་བྱ་ལྟར། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དང་མང་ཚོགས་ཀྱིས་གཞོགས་འདེགས་བྱས་ཏེ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་དང་དང་བླངས་ཉིན་མོའི་བྱེད་སྒོ་ཟུང་འབྲེལ་བྱས་ཏེ་ཨ་བྲ་ཚོད་འཛིན་གྱི་བྱེད་སྒོ་སྤེལ། ཟླ་བ་འདིར་བྱི་བ་ཚོད་འཛིན་བྱེད་མཁན་མི་ཐེངས100ལྷག་ཡོད། རྩྭ་ཐང་མུའུ500ནུས་ལྡན་སྒོས་བཅོས་སྒྲིག་བྱས་ནས་མཛེས་ལྡན་བྱམས་མེ་འཛུགས་སྐྲུན་ལ་འགན་ལེན་བྱས་ཏེ། འཛམ་གླིང་གི་ས་མཐོའི་བརླན་སའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་ཡག་ཤོས་བསྐྲུན་པར་ལེགས་སྐྱེས་ཕུལ། 

ཡོང་ཁུངས། མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། 
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ། ལྷ་མོ་ཚེ་རིང་།

 

 

中央广播电视总台 央广网 版权所有

བྱམས་མེ་གྲོང་རྡལ་གྱི་གཙང་གསུམ་བཤིག་གསུམ་སྐྱོང་གསུམ།

ཨ་བྲ་དང་འབུའི་གནོད་འཚེ་བཅོས་ནས་རྩྭ་ཐང་གི་འབྱུང་ཁམས་ལེགས་པར་སྲུང་། 《བྱམས་མེ་གྲོང་རྡལ་ཨ་བྲ་ཚོད་འཛིན་ལས་དོན་ཇུས་གཞི》བཟོས་ནས། ཟླ་རེར་ཚོད་འཛིན་ཐེངས་གཅིག་གི་བླང་བྱ་ལྟར། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དང་མང་ཚོགས་ཀྱིས་གཞོགས་འདེགས་བྱས་ཏེ།