ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཨུ་རུ་སུའི་མཚོ་དམག་གིས་བྱང་ཕྱོགས་མཁའ་ལམ་སྲུང་སྐྱོབ་ཀྱི་དམག་དོན་ནང་སྦྱོང་བྱས་ཤིང་། ཡུག་རེན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་མང་པོ་ཞིག་ལས་གནས་ལས་ཕབ་པ།

2023-09-19 09:44:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་གསལ། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས་18ཉིན། ཨུ་རུ་སུ་དམག་དཔུང་གིས་ཡུག་རེན་དྲག་ཆས་སྟོབས་ཤུགས་ཀྱི་འཕུར་མདེལ་དང་ཕིང་ཀྲའུ་འཕུར་མདེལ་གྱི་སྒྲིག་ཆས་ལ་རྡུང་རྡེག་བཏང་ཡོད་ཅེས་བསྟན་པ་རེད། གཞན་ཨུ་རུ་སུའི་མཚོ་དམག་གིས་ཨུ་རུ་སུའི་ཤར་བྱང་རྒྱུད་ཀྱི་མཚོ་ཁོངས་སུ་བྱང་ཕྱོགས་མཁའ་ལམ་སྲུང་སྐྱོབ་ཀྱི་དམག་དོན་ནང་སྦྱོང་བྱེད་བཞིན་པ་དང་། ཧ་ལམ་དམག་མི་ཁྲི་1ཙམ་ཐེངས་འདིའི་ནང་སྦྱོང་ཁྲོད་ཞུགས་ཡོད་པ་རེད།

ནང་སྦྱོང་བྱེད་སྐབས་ཨུ་རུ་སུའི་དམག་དཔུང་གིས་སྐོར་སྐྱོད་འཕུར་མདེལ་འཕངས་ནས་པའེ་ལིན་རྒྱ་མཚོ་རུ་གནས་པའི་དགྲ་བོའི་ཕྱོགས་ཀྱི་གྲུ་གཟིངས་ལ་རྡུང་རྡེག་གཏོང་བའི་ལད་ཟློས་བྱ་རྒྱུ་ཡིན་པ་རེད།

ཡུག་རེན་གྱི་ཙུང་ལི་གཞོན་པ་དང་པོ་དང་དཔལ་འབྱོར་པུའུ་ཀྲང་གཅིག་ལྕོགས་ཀྱིས་ཚེས་18ཉིན། ཡུག་རེན་གྱིས་ཕོ་ལན་དང་སི་ལའོ་ཧྥ་ཁོ། ཧང་ག་རི་བཅས་ཀྱིས་ཡུག་རེན་གྱི་འབྲུ་རིགས་ནང་འདྲེན་བྱེད་མཚམས་བཞག་པའི་དོན་དག་དེའི་ཐད་འཛམ་གླིང་དཔལ་འབྱོར་སྒྲིག་འཛུགས་ལ་གཏུག་བཤེར་བྱས་ཡོད་ཅེས་བསྟན་པ་དང་། ཕོ་ལན་སྲིད་གཞུང་གི་མགྲིན་ཚབ་པས་ཉིན་དེར། ཕོ་ལན་གྱིས་དེའི་ཕྱིར་བཀག་རྒྱ་ཕྱིར་འཐེན་བྱ་རྒྱུ་མིན་ཞེས་བརྗོད་ཡོད།

中央广播电视总台 央广网 版权所有