ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ས་གནས་ཁག་གིས་བྱེད་སྒོ་སྤེལ་ནས“དགུ་པའི་བཅོ་བརྒྱད”ཀྱི་དོན་འགྱུར་ཐོན་ནས་ལོ་92འཁོར་བར་དྲན་གསོ་ཞུས་པ།

2023-09-18 15:26:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དེ་རིང་(ཟླ་9ཚེས་18ཉིན)ནི“དགུ་པའི་བཅོ་བརྒྱད”ཀྱི་དོན་འགྱུར་ཐོན་ནས་ལོ་92འཁོར་བར་དྲན་གསོ་ཞུ་བའི་ཉིན་མོ་རེད། ས་གནས་ཁག་གིས་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་དྲན་གསོའི་བྱེད་སྒོ་སྤེལ་ཏེ། སྐྱོ་རྔམ་ལྡན་པའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། རླབས་ཆེན་གྱི་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་བཏང་ཡོད།
“དགུ་པའི་བཅོ་བརྒྱད”ཀྱི་དོན་འགྱུར་ཐོན་ས་ལེའོ་ཉིང་ཧྲེན་དབྱང་དུ།“དགུ་པའི་བཅོ་བརྒྱད”བརྗེད་མི་རུང་ཞེས་པའི་ཅོང་རྡུང་ཉེན་བརྡ་གཏོང་བའི་མཛད་སྒོ་དེ་ཚེས་18ཉིན་གྱི་ཆུ་ཚོད་དགུ་པ་ཡོལ་ཙམ་ལ“དགུ་པའི་བཅོ་བརྒྱད”ཀྱི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གི་ཚན་ལི་རྡོ་རིང་ཐང་ཆེན་དུ་འཚོག་རྒྱུ་རེད། ཅོང་རླུང་མཁན་གྱིས་ཅོང་ཐེངས་14བརྡུང་རྒྱུ་དང་། དེ་ཐོག་ནས་ཀྲུང་གོ་མི་དམངས་ཀྱིས་ལོ་14ཡི་རིང་དཀའ་སྤྱད་ཚད་མེད་བྱས་པའི་ལྗར་འགོག་དམག་འཁྲུག་གི་ལོ་རྒྱུས་མཚོན་ཡོད་པ་རེད། ཅོང་བརྡུངས་ཚར་རྗེས། ཧྲེན་དབྱང་དང་ལེའོ་ཉིང་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་13ལ་མཁའ་ཟོན་ཉེན་བརྡ་སྐར་མ་གསུམ་གཏོང་རྒྱུ་ཡིན་པ་རེད།

ཅི་ལིན་ཞིང་ཆེན་ཕན་ཧྲི་གྲོང་ཁྱེར་གྱིས“དགུ་པའི་བཅོ་བརྒྱད”ཀྱི་དོན་འགྱུར་ཐོན་པ་དང་ཀྲུང་གོ་གུང་ཁྲན་ཏང་གིས་ལྗར་འགོག་དྲག་ཆས་སྟོབས་ཤུགས་བཙུགས་ནས་ལོ་92འཁོར་བར་དྲན་གསོ་ཞུ་བའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་རྒྱུ་རེད། བྱང་ཤར་ལྗར་འགོག་མཉམ་འབྲེལ་དམག་དཔུང་གི་སྔོན་གཤེགས་དཔའ་བོའི་མི་རབས་རྗེས་མའི་འཐུས་མི་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་500ལྷག་ཙམ་བྱེད་སྒོར་ཞུགས་རྒྱུ་ཡིན་པ་རེད།

ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་གྱིས་བྱང་ཤར་ལྗར་འགོག་མཉམ་འབྲེལ་དམག་དཔུང་གི་སྔོན་གཤེགས་དཔའ་བོའི་མི་རབས་རྗེས་མའི་མཆོད་འབུལ་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

“དགུ་པའི་བཅོ་བརྒྱད”ཀྱི་དོན་འགྱུར་ཐོན་ནས་ལོ་92འཁོར་བར་དྲན་གསོ་ཞུ་ཆེད། བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་ཉེ་དུས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་ཏེ། ཀྲུང་གོར་བཙན་འཛུལ་བྱེད་མཁན་ལྗར་པན་དམག་གིས་དམག་འཁྲུག་ནང་ཤི་མཁན་ལ་བཟོས་པའི་རྡོ་རིང་ཡི་གེ་དང་ཟངས་རྟགས་ཀྱི་མ་ཡིག་ཐོག་མར་འགྲེམས་སྟོན་བྱས་པ་རེད། རྡོ་རིང་ཡི་གེའི་ཟངས་རྟགས་དེ་ནི་ཧེ་ལུང་ཅང་ཧོ་ཀང་གཏེར་ཁུལ་ནས་རྙེད་པ་དང་། དེ་ནི་ཀྲུང་གོར་བཙན་འཛུལ་བྱེད་མཁན་ལྗར་པན་དམག་གི་སྡིག་ཉེས་བསགས་པའི་དཔང་རྟགས་ཁུངས་བཙན་ཞིག་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ས་གནས་ཁག་གིས་བྱེད་སྒོ་སྤེལ་ནས“དགུ་པའི་བཅོ་བརྒྱད”ཀྱི་དོན་འགྱུར་ཐོན་ནས་ལོ་92འཁོར་བར་དྲན་གསོ་ཞུས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དེ་རིང་(ཟླ་9ཚེས་18ཉིན)ནི“དགུ་པའི་བཅོ་བརྒྱད”ཀྱི་དོན་འགྱུར་ཐོན་ནས་ལོ་92འཁོར་བར་དྲན་གསོ་ཞུ་བའི་ཉིན་མོ་རེད། ས་གནས་ཁག་གིས་བྱ་ཐབས་སྣ་ཚོགས་ཀྱི་