ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཆང་སྐབས་ཉི་ཤུ་པའི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།

2023-09-18 15:21:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚེས་17ཉིན་ནན་ཉིང་དུ་སྐབས་ཉི་ཤུ་པའི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་དང་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་དང་། ལོ་སིའི་ཙུང་ལི་སུང་སའེ། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར། ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གཞོན་པ་མ་ལུའུ་ཧྥུ། ཐེ་ལན་གྱི་ཙུང་ལི་གཞོན་པ་དང་ཚོང་ལས་པུའུ་ཀྲང་གཅིག་ལྕོགས་ཕུའུ་ཐའན། ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེ་ཀའོ་ཅིན་ཧུང་བཅས་དང་། དེ་བཞིན་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་1200ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

ལི་ཆང་གིས། ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་དེ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ས་ཁོངས་མཉམ་ལས་ཁྲོད་གྲུབ་འབྲས་བཟང་ཤོས་དང་གསོན་ཤུགས་ལྡན་ཤོས་ཀྱི་དཔེ་མཚོན་དུ་གྱུར་ཡོད། གནས་བབ་འདི་ནི་ལས་སླ་པོར་བྱུང་བ་ཞིག་མིན་པར་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། དེའི་ཁྲོད་དུ་དེའི་ངོ་བོའི་སྙིང་དོན་དང་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་གཙོ་ཐིག་ཡོད། འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནད་ལ་འཕིགས་པའི་སྒོ་ནས་སྙིང་བསྡུས་གནང་བའི“མཛའ་བརྩེ་དང་། ཟོལ་མེད། ཕན་ཐོགས། ཁོང་ཡངས”བཅས་ཡིན་ཞིང་། ཡིག་འབྲུ་བརྒྱད་པོ་འདི་ནི་ཀྲུང་གོའི་མཐའ་སྐོར་གྱི་ཕྱི་འབྲེལ་བྱེད་ཕྱོགས་ཀྱི་གཞི་རྩའི་ཁ་ཕྱོགས་ཡིན་པ་དང་། ཁྱིམ་མཚེས་རྒྱལ་ཁབ་དང་མཛའ་མཐུན་མཉམ་གནས་ཀྱི་ཐབས་ལམ་ཡིན་ལ། དེ་བས་ཀྱང་ང་ཚོས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པའི་ཐབས་མཆོག་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས་ཡིག་འབྲུ་བརྒྱད་པོ་འདི་ལག་ལེན་བསྟར་བའི་ཐད་འབད་བརྩོན་སྔར་ལས་ཆེ་བ་བྱ་དགོས།

གཅིག་ནི“མཛའ་བརྩེ་”ཞེས་པ་ལག་བསྟར་སྔར་ལས་ལེགས་པར་བྱས་ནས་བརྩེ་དུང་མཉམ་འདྲེས་སྔར་ལས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་རིག་གནས་དང་། ཡུལ་སྐོར། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ། མི་དམངས་དབར་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་འདོད་ཡོད། གཉིས་ནི“ལྷག་བསམ་”ཞེས་པ་ལག་བསྟར་སྔར་ལས་ལེགས་པར་བྱས་ནས་ཡིད་ཆེས་ཀྱི་རྨང་གཞི་སྔར་ལས་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་དང་མཉམ་དུ་ཁ་དན་ཚིག་གནས་ཀྱི་སྒོ་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་འདོད་ཡོད། གསུམ་ནི“ཕན་ཐོགས”ཞེས་པ་ལག་བསྟར་སྔར་ལས་ལེགས་པར་བྱས་ནས་ཁེ་ཕན་གྱི་འབྲེལ་ཐག་སྔར་ལས་དམ་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་བཟང་ཆ་ལྡན་པའི་ཁྱད་ལྡན་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་ནས་དེ་བས་བརྟན་པོ་དང་ཤར་གཏོང་ཐུབ་པའི་ས་ཁོངས་ཀྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གཏོད་འདོད་ཡོད། བཞི་ནི“ཁོང་ཡངས་”ཞེས་པ་ལག་བསྟར་སྔར་ལས་ལེགས་པར་བྱས་ནས་སྒོ་དབྱེ་བྱེད་རྒྱ་སྔར་ལས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་དེ་བས་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་གནང་ཡོད།

ལི་ཆང་གིས་དངོས་མང་སྟོན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་འབྲེལ་སྐུ་མགྲོན་དང་ལྷན་དུ་འགོ་ཚུགས་མཛད་སྒོ་འཚོགས་ཡོད།
འགོ་ཚུགས་མཛད་སྒོ་འཚོགས་རྗེས། ལི་ཆང་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་འགྲེམས་ཁང་དུ་སྐོར་ཞིབ་གནང་བར་ཕེབས་པ་དང་འབྲེལ་འགྲེམས་ཚོགས་ནང་ཞུགས་མཁན་ཚན་པའི་འགན་འཁུར་བ་དང་སྤེལ་རེས་ཀྱང་གནང་ཡོད།

ཝུའུ་ཀྲེང་ལུང་དང་ཀའོ་ཡུན་ལུང་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ལི་ཆང་སྐབས་ཉི་ཤུ་པའི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚེས་17ཉིན་ནན་ཉིང་དུ་སྐབས་ཉི་ཤུ་པའི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་དང་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི