ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ཡོངས་ཀྱི་སྟོན་འབྲུ་གཅིག་རྗེས་གཉིས་མཐུད་ངང་བརྔ་བསྡུ་བྱེད་འགོ་ཚུགས་པ།

2023-09-18 15:20:00     责编:桑吉卓玛

འདི་ག་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ། མིག་སྔར་རྒྱལ་ཡོངས་ཀྱི་སྟོན་འབྲུ་གཅིག་རྗེས་གཉིས་མཐུད་ངང་བརྔ་བསྡུའི་དུས་མཚམས་སུ་སླེབས་ཡོད་པ་དང་། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་མུའུ་རེའི་ཐོན་ཚད་མཐོ་རུ་བཏང་ཏེ་ནུས་ཤུགས་ཡོད་རྒུས་འབྲུ་རིགས་ཐོན་འབབ་ཡག་པོ་ཡོང་རྒྱུར་འགན་ལེན་བྱེད་བཞིན་ཡོད་པ་རེད།

ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་གསར་ཤོས་ལས་མངོན་པར། མིག་སྔར་ལྷོ་ཕྱོགས་ཀྱི་ས་ཁུལ་ཁག་གཅིག་གི་བར་སྨིན་ཆུ་འབྲས་དང་། བྱང་ཤར་དང་ནུབ་བྱང་ས་ཁུལ་ཁག་གཅིག་གི་ཞོག་ཁོག དེ་བཞིན་འབྲུ་རིགས་གཙོ་ཐོན་ཁུལ་ཁག་གི་འདེབས་ཡུན་ཐུང་བའི་སྐབས་ཀྱི་འབྲུ་སྣུམ་སྣ་རིགས་གཅིག་རྗེས་གཉིས་མཐུད་ངང་བསྡུ་འགོ་ཚུགས་ཡོད་པ་རེད།

ཇི་ལིན་ཐུང་ཧྭ་རུ་སྔ་སྨིན་སོན་བཟང་ཆུ་འབྲས་མུའུ་ཆིག་འབུམ་བརྒྱད་ཁྲི་ལྔ་སྟོང་གི་བརྔ་བསྡུའི་ལས་ཀ་ཕྱེད་ཀ་ལྷག་ཙམ་ལེགས་གྲུབ་ཟིན་ཡོད། འདི་ལོ་ཐུང་ཧྭ་ཡི་ཆུ་འབྲས་ཚད་ལྡན་ཅན་གྱི་འདེབས་འཛུགས་རྒྱ་ཁྱོན་དང་སོན་བཟང་ཁྱབ་ཚད་95%ཡན་ཟིན་པ་དང་ཆབས་ཅིག་ཆུ་འབྲས་ཐོན་སྐྱེད་ཀྱི་སྔོན་ཐོན་ལག་རྩལ་ཁག་11ཁྱབ་གདལ་བེད་སྤྱོད་བཏང་ནས་ཆུ་འབྲས་ཀྱི་ཐོན་འབོར་དང་སྤུས་ཚད་ལ་འགན་ལེན་བྱས་ཡོད་པ་རེད།
འདི་ལོ་ས་གནས་ཁག་གིས་རང་བྱུང་ཆ་རྐྱེན་གྱི་ཞན་ཆར་དམིགས་ནས་ཐོན་རྫས་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་བཏང་ཏེ་མུའུ་རེའི་ཐོན་ཚད་མཐོ་རུ་བཏང་ཡོད། ཕྱེད་སྐམ་ཤས་ཆེ་བའི་ས་ཁུལ་དུ་གནས་པའི་ཧྲན་ཤིའི་ཞིང་ཆེན་ཁྲང་ཀྲེས་གྲོང་ཁྱེར་གྱིས་འདི་ལོ་ལག་རྩལ་ལེགས་སུ་བཏང་བ་བརྒྱུད་དགུན་དུས་ཆུ་འབྲས་འདེབས་སྐབས་ཞིང་ནང་དུ་ཆུ་སིམ་འགྱིག་ཤོག་བཏིང་ནས་སྟོན་དུས་ས་རྒྱུའི་ནང་སིམ་པའི་ཆུ་ནུས་ལྡན་ངང་གསོག་ཐབས་བྱས་ནས་ཆུ་འབྲས་ཀྱི་མྱུ་གུ་བདེ་བླག་ངང་སྐྱེ་འཚར་ཡོང་བ་བྱས་ཡོད་པ་རེད།

ཅང་ཤིའི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་དུ་མུའུ་ཆིག་འབུམ་ལྷག་ཙམ་གྱི་ས་ཞིང་ལ་ཆུ་གཏོང་དཀའ་བའི་གནད་དོན་ཡོད་པས་སྔོན་ཆད་སྐམ་ཞིང་གི་སྐྱེ་དངོས་ཁོ་ན་འདེབས་འཛུགས་བྱེད་ཀྱི་ཡོད། འོན་ཀྱང་འདི་ལོ་ས་གནས་དེ་གས་ཐན་སྐྱོན་ཐེག་ཐུབ་པའི་ཆུ་འབྲས་ཀྱི་སྣ་རིགས་ཁྱབ་གདལ་ཤུགས་ཆེར་བཏང་ནས་ཞིང་དུད་ཀྱིས་འབྲུ་རིགས་འདེབས་རྒྱུར་འགན་ལེན་བྱས་ཡོད།
ཧོ་པེ་ཚང་ཀྲའུ་ཡི་མུའུ་ས་ཡ་བཞི་དང་གསུམ་འབུམ་ཟིན་པའི་ཚྭ་ཞིང་ཐོག་གི་ལོ་ཏོག་ཀྱང་གཅིག་རྗེས་གཉིས་མཐུད་ངང་སྨིན་ཟིན་ཡོད། འདི་ལོ་ས་གནས་དེ་གས་ས་རྒྱུ་ལེགས་སུ་བཏང་བའི་རྨང་གཞིའི་ཐོག་ཁྲེ་རྒོད་དང་ལྕམ་སེར་སོགས་ཚྭ་ཁུལ་དུ་སྐྱེ་ནུས་ལྡན་པའི་སྤུས་ལེགས་ཀྱི་སྣ་ཁ་མང་པོ་བདམས་ནས་ཁྱབ་གདལ་བཏང་བས་ཞིང་པའི་ཐོན་འཕར་འབབ་འཕར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

ཉིན་ཤས་རིང་ནང་སོག་ཝུའུ་ཁྲོན་རྫོང་གི་མུའུ་བདུན་འབུམ་ཟིན་པའི་ཞོག་ཁོག་ལ་ཐོན་འབབ་ཡག་པོ་བྱུང་ནས་བསྡུ་ལེན་བྱས་ཡོད། བསྡུ་ལེན་ཇེ་མགྱོགས་སུ་གཏོང་བ་དང་ཞོག་ཁོག་སོས་པ་དུས་ཐོག་ཏུ་དབོར་ནས་ཕྱིར་འཚོང་བྱ་རྒྱུར་འགན་ལེན་བྱ་ཆེད། ས་གནས་དེས་གནས་སྐབས་ཀྱི་ཁྲོམ་ར་བཙུགས་ཏེ་འདེབས་འཛུགས་དུད་ཚང་དང་། མཉམ་ལས་ཁང་། ཕྱི་ནས་གླ་པར་ཡོང་མཁན་བཅས་ལ་འགན་ལེན་དང་ཞབས་འདེགས་གང་ལེག་ཞུས་ཡོད་པ་རེད། མིག་སྔར་སི་ཁྲོན་དང་། ཀན་སུའུ། ཉིང་ཤ ཧྲན་ཏུང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ནས་ཡོང་བའི་ལས་མི་10000ལྷག་ཙམ་དེ་གར་ཞོག་ཁོག་བསྡུ་ལེན་ལས་ཀར་ཞུགས་ཡོད་པ་རེད།

སྔོན་དཔག་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་སྟོན་འབྲུ་གཞི་ཁྱོན་ཆེན་པོས་བརྔ་བསྡུ་བྱེད་པའི་ལས་དོན་ནི་སྤྱི་ཟླ་9པའི་ཟླ་མཇུག་ནས་བཟུང་འགོ་འཛུགས་རྒྱུ་ཡིན་པ་དང་ཞིང་ལས་དང་གྲོང་གསེབ་པུས་ས་གནས་ཁག་ལ་སྟོན་བསྡུའི་འཕྲུལ་འཁོར་སྒྲིག་ཆས་དང་། འཕྲལ་སྒྲུབ་ལས་སྒྲུབ་དཔུང་ཁག དེ་བཞིན་མཛོད་ཁང་སྐམ་བཟོའི་ལས་དོན་སོགས་ཁྱོན་ཡོངས་ནས་གྲ་སྒྲིག་བྱ་རྒྱུར་རྒྱུན་མཐུད་ངང་མཛུབ་ཁྲིད་བྱས་ཏེ་སྟོན་འབྲུ་ཚང་མ་མཛོད་ཁང་དུ་བསྡུ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

རྒྱལ་ཡོངས་ཀྱི་སྟོན་འབྲུ་གཅིག་རྗེས་གཉིས་མཐུད་ངང་བརྔ་བསྡུ་བྱེད་འགོ་ཚུགས་པ།

འདི་ག་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ། མིག་སྔར་རྒྱལ་ཡོངས་ཀྱི་སྟོན་འབྲུ་གཅིག་རྗེས་གཉིས་མཐུད་ངང་བརྔ་བསྡུའི་དུས་མཚམས་སུ་སླེབས་ཡོད་པ་དང་། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་མུའུ་རེ