ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཁྲིམས་འཛིན་རོགས་སྐྱོབ་ཀྱིས་དམངས་སེམས་ལ་དྲོད་ཁོལ་སྦྱིན།

2023-09-16 17:21:00     责编:娜科

 

ཁྲིམས་འཛིན་རོགས་སྐྱོབ་ནི་དམངས་སེམས་ལས་གཞི་ཞིག་ཡིན། ཁྲིམས་འཛིན་གྱི་ཐུགས་ཁུར་ལ་བརྟེན་ནས་མི་སེར་གྱི་དཀའ་སྡུག་བསལ། ད་ལོ་ནས་བཟུང་མཛོད་དགེ་རྫོང་གིས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་གང་ལེགས་སྤེལ་ནས།  ཁྲིམས་འཛིན་རོགས་སྐྱོབ་ཀྱི་དྲོ་སྐྱིད་འབྲེལ་ཟམ་བཙུགས་ཏེ་ཁྲིམས་འཛིན་ལས་དོན་མིག་མཐོང་ལག་ཟིན་ཡོང་བར་བྱས།  

ད་ལོའི་ཟླ9པར། ཀྲོའུ་ཆེ་གེ་མོ་དང་པུའུ་ཆེ་གེ་མོ་སོགས་མི5ཡི་ངལ་རྩོལ་གན་རྒྱའི་རྩོད་གླེང་གྱོད་གཞིའི་ཁྲོད། ངལ་རྩོལ་གླ་ཆ་མ་རག་པར་འཚོ་བའི་ཐད་དཀའ་ངལ་འཕྲད། ཤ་ཆེ་གེ་མོར་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་རྨས་སྐྱོན་རིམ་པ་བཅུ་ཕོག་པར་གུན་གསབ་མ་འཇལ་བས་འཚོ་བར་དཀའ་ཁག་ཆེ། གནས་ཚུལ་ཤེས་རྟོགས་བྱུང་རྗེས་རྫོང་ཁྲིམས་འཛིན་རོགས་སྐྱོབ་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་གིས་ཞབས་ཞུའི་འདུ་ཤེས་ཇེ་ཟབ་དང་།  མཉམ་ལས་མཐུན་སྦྱོར་གྱི་ལམ་སྲོལ་ཇེ་ལེགས་སུ་བཏང་ནས། ཁྲིམས་འཛིན་རོགས་སྐྱོབ་ཀྱི་སྲོལ་རྒྱུན་བྱེད་ཐབས་རོགས་སྐྱོབ་རེ་ཞུ་ནས་རང་འགུལ་རོགས་སྐྱོབ་དུ་བསྒྱུར་ཏེ་དུས་ཐོག་ཏུ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་བརྒྱུད་རིམ་ལྟར། ཁྲིམས་འཛིན་རོགས་སྐྱོར་གྱི་དངུལ་སྒོར་ཁྲི5སྤྲད་དེ་ཁོ་ཚོར་རོགས་སྐྱོར་བྱས། མི་དམངས་མང་ཚོགས་ལ་གྱོད་གཞི་ཞིབ་གཅོད་ཁྲོད་ཁྲིམས་འཛིན་གྱི་དྲོད་ཁོལ་སྦྱིན།

ཡོང་ཁུངས། མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། 
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ། ལྷ་མོ་ཚེ་རིང་།

中央广播电视总台 央广网 版权所有

ཁྲིམས་འཛིན་རོགས་སྐྱོབ་ཀྱིས་དམངས་སེམས་ལ་དྲོད་ཁོལ་སྦྱིན།

ད་ལོའི་ཟླ9པར། ཀྲོའུ་ཆེ་གེ་མོ་དང་པུའུ་ཆེ་གེ་མོ་སོགས་མི5ཡི་ངལ་རྩོལ་གན་རྒྱའི་རྩོད་གླེང་གྱོད་གཞིའི་ཁྲོད། ངལ་རྩོལ་གླ་ཆ་མ་རག་པར་འཚོ་བའི་ཐད་དཀའ་ངལ་འཕྲད། ཤ་ཆེ་གེ་མོར་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་རྨས་སྐྱོན་རིམ་པ་བཅུ་ཕོག་པར་གུན་གསབ་མ་འཇལ་བས་འཚོ་བར་དཀའ་ཁག་ཆེ།