ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧན་ཀྲེང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་དམངས་གྲོས་ཚོགས་ཁང་གི་གྲོས་དཔོན་དང་ཐུག་འཕྲད་གནང་བ།

2023-09-14 17:35:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་སྤྱི་ཚེས་༡༣ཉིན་པེ་ཅིང་དུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་དམངས་གྲོས་ཚོགས་ཁང་གི་གྲོས་དཔོན་ས་ཀེའར་དང་ཐུག་འཕྲད་གནང་ཡོད་པ་རེད།

ཧན་ཀྲེང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མུ་ཧན་མོ་ཏེའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བ་ཟམ་མི་ཆད་པར་དངོས་གཉེར་དང་གཏིང་ཟབ་ཕྱོགས་སུ་འགྲོ་བཞིན་ཡོད། ཀྲུང་གོའི་ཕྱོགས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ལྷན་དུ། རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་བྱུང་བའི་ཐུན་མོང་ངོས་འཛིན་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་དང་། མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་བ། ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ། ཆབ་སྲིད་ཀྱི་མཛའ་ཤེས་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་གཏོང་བ། མི་ཆོས་རིག་གནས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ། མཉམ་སྡེབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་ཨའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་འདོད་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་འབོ་གསེར་ཁྱིམ་ཚང་ཆེན་མོའི་ནང་གི་ཁོངས་གཏོགས་སུ་གྱུར་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་མཉམ་དུ་གོང་འཕེལ་གྱི་གོ་སྐབས་ལོངས་སྤྱོད་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་ཡོང་བ་བྱ་འདོད་ཡོད་ཅེས་བསྟན་འདུག

ས་ཀེའར་གྱིས། ཟམ་མི་ཆད་པར་ཨ་ཀྲུང་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྲ་བརྟན་དུ་གཏོང་བ་དེ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་འདོད་འདུན་ཞིག་ཡིན། ཀྲུང་གོའི་ཕྱོགས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་ནང་ཞུགས་རྒྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སང་ལོ་ནི་ཨ་ཀྲུང་རྒྱལ་ཁབ་གཉིས་པོ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་༤༠འཁོར་བའི་ལོ་ཡིན་ཞིང་། ཕྱོགས་གཉིས་པོའི་བར་དཔལ་འབྱོར་ཉོ་ཚོང་དང་། མ་འཇོག ཁྲིམས་འཛུགས། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཧན་ཀྲེང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་དམངས་གྲོས་ཚོགས་ཁང་གི་གྲོས་དཔོན་དང་ཐུག་འཕྲད་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་སྤྱི་ཚེས་༡༣ཉིན་པེ་ཅིང་དུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་དམངས་ག