ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཚའེ་ཆི་ཡིས་ཝེ་ཏེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། སྤྱི་བདེ་པུའི་པུའུ་ཀྲང་སུའུ་ལིན་དང་ཐུག་འཕྲད་གནང་བ།

2023-09-14 17:34:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་སྤྱི་ཚེས་༡༣ཉིན་པེ་ཅིང་དུ་ཝེ་ཏེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། སྤྱི་བདེ་པུའི་པུའུ་ཀྲང་སུའུ་ལིན་དང་ཐུག་འཕྲད་གནང་ཡོད་པ་རེད། ཚའེ་ཆི་ཡིས། ཀྲུང་གོ་དང་ཝེ་ཏེ་ནམ་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པ་དང་། ཐུན་མོང་གི་ཕུགས་བསམ་དད་སེམས་དང་རིན་ཐང་འཚོལ་སྙེགས་བྱེད་ས་ལྡན་ཡོད། ང་ཚོས་ཝེ་ཏེ་ནམ་ཕྱོགས་དང་ལྷན་དུ། ཏང་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་མི་སྣའི་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ཡིག་འབྲུ་བཅུ་དྲུག་གི་བྱེད་ཕྱོགས་དང་ཡག་པོ་བཞིའི་སྙིང་སྟོབས་བཟུང་ཐོག སྲོལ་རྒྱུན་གྱི་མཛའ་གྲོགས་སྲ་བརྟན་དུ་གཏོང་བ་དང་། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་བ། འཚམ་མཐུན་སྒོ་ནས་ཕྱོགས་འགལ་ལ་དོ་དམ་ཚོད་འཛིན་བྱེད་པ་བཅས་ཀྱིས། དུས་རབས་གསར་པའི་ཀྲུང་གོ་དང་ཝེ་ཏེ་ནམ་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཝེ་ཏེ་ནམ་རྒྱལ་ཁབ་གཉིས་པོའི་སྤྱི་བདེ་པུས་ཆབ་སྲིད་བདེ་འཇགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་བྱས་ནས་རྒྱལ་ཁོངས་བརྒལ་བའི་ཉེས་བསགས་ལ་རྡུང་རྡེག་གཏོང་བ། དྲ་རྒྱའི་བདེ་འཇགས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། གོང་འཕེལ་དང་བདེ་འཇགས་ལ་གཅིག་འགྱུར་འཆར་འགོད་བྱེད་པ་བཅས་བྱས་ནས། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཏེ་ནམ་གྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་ཞབས་ཞུ་བསྒྲུབ་དགོས་ཞེས་བསྟན་གནང་ཡོད།

སུའུ་ལིན་གྱིས་ཝེ་ཏེ་ནམ་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བར་གདེང་འཇོག་གང་ལེགས་གནང་ཡོད་པ་དང་། ཟམ་མི་ཆད་པར་ཀྲུང་གོའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཝེ་ཏེ་ནམ་དང་ཀྲུང་གོའི་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཚའེ་ཆི་ཡིས་ཝེ་ཏེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། སྤྱི་བདེ་པུའི་པུའུ་ཀྲང་སུའུ་ལིན་དང་ཐུག་འཕྲད་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་སྤྱི་ཚེས་༡༣ཉིན་པེ་ཅིང་དུ་ཝེ་ཏེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། སྤྱི་བདེ་པུའི་པུའུ་ཀྲང་སུའུ་ལིན་དང་ཐུ