ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

“ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོ་སྔོན་དུ་ལག་ལེན་བསྟར་བའི”ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་འཚོགས་པ།

2023-09-13 16:22:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་མཚོ་སྔོན་ཞིང་ཨུད་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་“ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོ་སྔོན་དུ་ལག་ལེན་བསྟར་བའི”ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་སྤྱི་ཟླ་9པའི་ཚེས་12ཉིན་ཟི་ལིང་དུ་འཚོགས་ཡོད།

ད་ཐེངས་ཀྱི་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུའི་ཐོག“ཀྲུང་གོའི་རྣམ་པའི་དེང་རབས་ཅན་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ཡོ་རོབ། ལ་ཏིང་མེ་གླིང་། རྒྱ་མཚོ་ཆེན་པོའི་གླིང་ཆེན་བཅས་རྒྱལ་ཁབ་30ཙམ་ནས་ཕེབས་པའི་སྲིད་ཏང་གི་འགོ་ཁྲིད་པའམ་ཡང་ན་སྐུ་ཚབ་150ལྷག་ཙམ་ཚོགས་འདུར་ཞུགས་ཡོད། ཚོགས་ཞུགས་ཕྱི་རྒྱལ་སྐུ་མགྲོན་གྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཀྲུང་གོ་གུང་ཁྲན་ཏང་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ལག་གདང་སྦྲེལ་ནས་དར་རྒྱས་དང་དྭངས་གཙང་། མཛེས་སྡུག་ལྡན་པ་བཅས་ཀྱི་འཛམ་གླིང་བསྐྲུན་འདོད་ཡོད་ཅེས་གསུངས་འདུག

སེབ་རུ་སིའི་ངལ་རྩོལ་མི་དམངས་ཀྱི་ཡར་རྒྱས་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཧོ་ལི་སང་སུའོ་སི·ཆའོ་ཀྲི་ཝུའུ་ཡིས། ངས་གནས་འདི་ནས་མཐོང་བ་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་རང་ཉིད་ལ་སྲུང་སྐྱོང་བྱེད་པ་ལྟར་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དེ་ཡིན། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱེད་པའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད། ཁྱེད་ཚོས་གནས་འདིར་བྱས་པའི་འབད་བརྩོན་ལ་ང་རང་ནས་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

“ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོ་སྔོན་དུ་ལག་ལེན་བསྟར་བའི”ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་འཚོགས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་མཚོ་སྔོན་ཞིང་ཨུད་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་“ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུ