ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་གཅེས་ཨའོ་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ནས། རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཆེན་པོའི་ནང་ཧུར་ཐག་ཞུགས་པ་སྟེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་ལ་འཕྲིན་ལན་བསྐུར་ནས་སྐུལ་ལྕག་གནང་བར་ལན་ཆ་བཟང་པོ་བྱུང་བ།

2023-05-26 16:03:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་ཚན་རིག་དང་པོ་རྟགས་ཅན་གྱི་སྲུང་སྐར་ཞིབ་བཟོའི་ནང་ཞུགས་མཁན་ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་གྱི་འཐུས་མི་ཚོར་འཕྲིན་ལན་བསྐུར་གནང་ནས། ཁོང་ཚོར་མཛའ་བརྩེའི་སྐུལ་ལྕག་གནང་བས། ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་ཚོའི་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་རེ་ཆུད་ཟོས་སུ་མི་གཏོང་བར། རྒྱལ་གཅེས་ཨའོ་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་ནས་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཆེན་པོའི་ནང་ཧུར་ཐག་ཞུགས་པ་བརྒྱུད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཨའོ་མོན་དུ་ལག་ལེན་གང་ལེགས་ཐུབ་པའི་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།

ཨའོ་མོན་ཚན་རིག་དང་པོ་རྟགས་ཅན་གྱི་སྲུང་སྐར་ནི་ནང་ས་དང་ཨའོ་མོན་མཉམ་ལས་ཐོག་ནས་སྒྲིག་བཟོ་བྱས་པའི་བར་སྣང་ཚན་རིག་སྲུང་སྐར་དང་པོ་དེ་ཡིན་པ་དང་། སྤྱི་ཟླ་༥པའི་ཚེས་༢༡ཉིན་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་ལེགས་གྲུབ་བྱས་ཡོད། སྲུང་སྐར་ཞིབ་བཟོའི་ནང་ཞུགས་མཁན་ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་ཀྱི་འཐུས་མི་༡༨ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སྲུང་སྐར་འཕེན་གཏོང་ལེགས་གྲུབ་བྱུང་བའི་གཏམ་བཟང་དང་སྲུང་སྐར་ཞིབ་བཟོའི་ལས་དོན་ནང་ཞུགས་པའི་མྱོང་ཚོར་སྙན་སེང་ཞུས་ནས། མེས་རྒྱལ་ཚན་ཞིབ་འཛུགས་སྐྲུན་ནང་ཞུགས་པའི་འདོད་འདུན་དང་ཆོད་སེམས་གང་ལེགས་མཚོན་པར་བྱས་ཡོད།

རྣམ་གྲངས་ནང་ཞུགས་མཁན་ལོ་རབས་དགུ་བཅུའི་རྗེས་སུ་སྐྱེས་པའི་ཚན་ཞིབ་སྟོབས་ཤུགས། ཨའོ་མོན་ཚན་རྩལ་སློབ་ཆེན་བར་སྣང་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་སློབ་མ་དབྱི་སེ་ཆི་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་བས་ང་རང་དགའ་སྤྲོ་དཔའ་མེད་བྱུང་། ཨའོ་མོན་ཚན་རིག་དང་པོ་རྟགས་ཅན་འཕེན་གཏོང་ལེགས་གྲུབ་བྱུང་བ་དེ་ནི་རྒྱལ་ཁབ་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་དང་། ང་ཚོ་ལྟ་བུའི་ཨའོ་མོན་གྱི་ཚན་ཞིབ་ལས་དོན་པ་རྒྱལ་ཁབ་ཀྱི་རྣམ་གྲངས་ཆེན་པོའི་ནང་དངོས་སུ་ཞུགས་ཐུབ་པ་བྱུང་ཡོད། མ་འོངས་པར་ང་རང་གིས་ཀྱང་ཨའོ་མོན་ཚན་རིག་དང་པོ་རྟགས་ཅན་གྱི་གྲངས་གཞི་བེད་སྤྱད་ནས་མུ་མཐུད་ཞིབ་འཇུག་བྱས་ཏེ། རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་ཆེད་རང་གི་ནུས་པ་འདོན་རྒྱུ་ཡིན་ཞེས་བརྗོད་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། འཕྲིན་ཡིག་གི་ཡིག་འབྲུ་རེ་རེའི་ཁྲོད་ནས་ཁྱེད་ཚོས་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་གཞག་དང་མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ནང་ཞུགས་པའི་སྤྲོ་སེམས་དང་འགན་འཁྲི་འཁུར་སེམས་ང་རང་གིས་ཚོར་བྱུང་། ཁྱེད་ཚོས་ཞིབ་བཟོའི་ནང་ཞུགས་པའི་ཨའོ་མོན་ཚན་རིག་དང་པོ་རྟགས་ཅན་གྱི་སྲུང་སྐར་འཕེན་གཏོང་ལེགས་གྲུབ་བྱུང་བའི་གཏམ་བཟང་གོ་ཐོས་བྱུང་། ཚང་མར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད། ཨའོ་མོན་ཚན་རྩལ་སློབ་ཆེན་ཨའོ་མོན་ཚན་རིག་དང་པོ་རྟགས་ཅན་གྱི་སྲུང་སྐར་རྣམ་གྲངས་ཀྱི་དབུ་བཞུགས་ཚན་རིག་མཁས་ཅན་ཀྲང་ཁེ་ཁེ་ཡིས། རྒྱལ་ཁབ་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལ་ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་བར་སྣང་ཚན་རིག་ལས་དོན་པས་ཉེ་བའི་ལོ་ཤས་ནང་རྒྱལ་ཁབ་ཀྱི་བར་སྣང་ཁམས་ཀྱི་འཚོལ་ཞིབ་ལས་འགན་མང་པོའི་ནང་ཞུགས་ཡོད། ཞིབ་འཇུག་གི་བར་ཁམས་དེའི་ཁྲོད་ནས་ང་ཚོར་ཚན་རིག་གི་གྲུབ་འབྲས་མང་པོ་ཐོབ་ཡོད་པ་དང་། ཚན་རིག་དཔྱད་རྩོམ་གལ་ཆེན་མང་དག་སྤེལ་ཡོད་ཅེས་བསྟན་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་ནང་ཨའོ་མོན་གྱིས་ནང་ས་དང་མཁའ་སྐྱོད་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་མཉམ་ལས་གཏིང་ཟབ་ཏུ་བཏང་བར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བ། ཨའོ་མོན་གྱི་མཐོ་རིམ་སློབ་གྲྭ་དང་ཨའོ་མོན་གྱི་ཚན་རྩལ་ལས་ཀ་སྒྲུབ་མཁན་རྣམས་ལ་སྔར་ལས་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་བར་ཁམས་མཁོ་འདོན་བྱས་ཡོད་ཅེས་གསུངས་ཡོད། ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་ཟླ་བའི་གོ་ལ་དང་རྒྱུ་སྐར་ཚན་རིག་ཐད་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་འབུམ་རམས་པའི་རྗེས་མཐུད་ཞིབ་འཇུག་པ་དབྱི་ལེའང་གིས། ང་ནི་ཨའོ་མོན་ཚན་རིག་དང་པོ་རྟགས་ཅན་ལྟ་བུའི་རྒྱལ་ཁབ་རིམ་པའི་རྣམ་གྲངས་གལ་ཆེན་ནང་ཞུགས་ཐེངས་དང་པོ་ཡིན་པས། གཟི་བརྗིད་དང་སྤོབས་སེམས་ཆེན་པོ་ཡིན་པའི་མྱོང་ཚོར་བྱུང་། ཀྲུང་གོའི་ཚན་རིག་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ང་རང་གིས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་དེའི་ནང་རང་ཉིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་གོའི་ས་གཞིའི་ཁབ་ལེན་ཚན་རིག་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཁྱེད་ཚོས་རྒྱལ་གཅེས་ཨའོ་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་རྒྱུན་འཛིན་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་ཧུར་ཐག་ཞུགས་པ། ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ། ཨའོ་མོན་གྱི་དཔལ་འབྱོར་སྣ་མང་འོས་འཚམ་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བཅས་བྱས་ནས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཨའོ་མོན་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད། ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་སློབ་སྤྱི་ལི་ཤིང་ཝུའེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་བར་ང་ཚོར་གཟི་བརྗིད་ཡིན་པའི་མྱོང་ཚོར་བྱུང་ལ་སྐུལ་ལྕག་ཀྱང་ཆེན་པོ་ཐེབས་བྱུང་། དེ་ནི་ཉེ་བའི་ལོ་བཅུ་ལྷག་ཙམ་ནང་ང་ཚོས་རྒྱལ་ཁབ་ཀྱི་མཁའ་སྐྱོད་བྱ་གཞག་དང་མཁའ་སྐྱོད་མཉམ་ལས་ནང་ཞུགས་ནས་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཧ་ཅང་མཐོ་པོ་གནང་བ་ཞིག་ཡིན་པ་མ་ཟད། ང་ཚོའི་སླད་ཕྱིན་གྱི་ལས་དོན་ལའང་སྐུལ་འདེད་ཆེན་པོ་ཐེབས་བྱུང་ཞེས་བཤད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

རྒྱལ་གཅེས་ཨའོ་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ནས། རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཆེན་པོའི་ནང་ཧུར་ཐག་ཞུགས་པ་སྟེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་ལ་འཕྲིན་ལན་བསྐུར་ནས་སྐུལ་ལྕག་གནང་བར་ལན་ཆ་བཟང་པོ་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་ཚན་རིག་དང་པོ་རྟགས་ཅན་གྱི་སྲུང་སྐར་ཞིབ་བཟོའི་ནང་ཞུགས་མཁན་ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་གྱི་འཐུས་མི་ཚོར་འཕྲིན་ལན་བསྐུར་གནང་ནས། ཁོང་ཚོར་མཛའ་བརྩེའི་སྐུལ་ལྕག་གནང་བས། ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་ཚོའི་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས།