ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྱོང་འཆར་འགོད་རྩ་གནད་༽པར་འགྲེམས་བྱས་པ།

2023-05-26 15:52:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྱོང་འཆར་འགོད་རྩ་གནད་༽པར་འགྲེམས་བྱས་པ་རེད། ༼རྩ་གནད་༽ནང་། རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས། དེང་རབས་ཅན་གྱི་སྤུས་ཚད་མཐོ་བའི་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་ཆས་དྲ་བ་འཛུགས་སྐྱོང་བྱེད་པ་དང་། ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་གནོད་འཚེ་བཅས་ཀྱི་གནད་དོན་སེལ་རྒྱུར་གཅིག་གྱུར་འཆར་འགོད་བྱ་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གནང་བའི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད་ཅེས་བསྟན་ཡོད།

འཆར་འགོད་རྩ་གནད་དེ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རྒྱལ་ཁབ་ཀྱི་ཆུའི་དྲ་བ་འཛུགས་སྐྲུན་བྱེད་པའི་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་གལ་ཆེན་ཞིག་ཡིན་པ་དང་། དེའི་གོང་འཕེལ་གྱི་དམིགས་ཚད་ནི། 2025ལོར་སླེབས་སྐབས། རྒྱལ་ཁབ་ཀྱི་ཆུ་དྲའི་ཀ་རྟེན་ལས་གྲྭ་ཁག་ཅིག་བསྐྲུན་རྒྱུ་དང་། རྒྱལ་ཁབ་ཀྱི་ཀ་རྟེན་དྲ་བ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ཆུའི་དྲ་བ་གོ་རིམ་ལྡན་པའི་ངང་ལག་ལེན་བསྟར་རྒྱུ། ཆུའི་ཐོན་ཁུངས་བཀོད་སྒྲིག་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན། ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་ཕྱིར་འབུད། ཆུའི་འབྱུང་ཁམས་སྲུང་སྐྱོང་། ཆུ་དྲའི་རིག་ནུས་ཅན་སོགས་ཀྱི་ཞན་ཆ་དང་མི་འདང་བའི་ཆ་ཁག་ཅིག་གསབ་རྒྱུ། ཆུ་དང་ཐན་སྐྱོན་སོགས་གནོད་འཚེའི་སྔོན་འགོག་ནུས་པ་དང་། ཆུའི་ཐོན་ཁུངས་གྲོན་ཆུང་གི་གཅིག་སྡུད་བེད་སྤྱོད་ནུས་པ། ཆུའི་ཐོན་ཁུངས་ལེགས་སྒྱུར་གྱི་བཀོད་སྒྲིག་ནུས་པ། གཙང་པོ་ཆེན་པོ་དང་། ཆུ་བོ་ཆེན་པོ། མཚེའུ་ཆེན་པོ་བཅས་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པའི་ནུས་པ་བཅས་ཆེ་རུ་གཏོང་བ་དང་། ཆུ་དྲའི་ལས་གྲྭ་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་ཀྱི་ཆུའི་བདེ་འཇགས་འགན་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་བཅས་དང་། 2035ལོར་སླེབས་སྐབས། རྒྱལ་ཁབ་ཀྱི་ཆུའི་དྲ་བའི་སྤྱི་ཡོངས་ཀྱི་བཀོད་པ་གཞི་རྩའི་ཆ་ནས་གྲུབ་པ་དང་། རྒྱལ་ཁབ་ཀྱི་ཆུའི་དྲ་བའི་སྒྲོམ་གཞི་གཙོ་བོ་དང་འཕར་རྩ་ཆེན་པོ་རིམ་བཞིན་བསྐྲུན་པ། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ཆུའི་དྲ་བ་གཞི་རྩའི་ཆ་ནས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་འཚམ་མཐུན་ཡོང་བའི་རྒྱལ་ཁབ་ཀྱི་ཆུའི་བདེ་འཇགས་འགན་སྲུང་མ་ལག་འཛུགས་པ་དང་སྤྱིའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྱོང་འཆར་འགོད་རྩ་གནད་༽པར་འགྲེམས་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྱོང་འཆར་འགོད་རྩ་གནད་༽པར་འགྲེམས་བྱས་པ་རེད། ༼རྩ་གནད་༽ནང་། རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྱོང་བྱེད་