ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཏིང་ཞུའེ་ཞང་2023ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།

2023-05-26 15:48:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། 2023ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་དེ་སྤྱི་ཚེས་25ཉིན་གྱི་དགོང་མོ་པེ་ཅིང་དུ་འགོ་ཚུགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ལི་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

ཏིང་ཞུའེ་ཞང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་མངགས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དེའི་ཐོག་ནས་ཚན་རྩལ་གསར་གཏོད་དང་རྒྱལ་སྤྱིའི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད། ཀྲུང་གོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་མགྱོགས་སུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན། ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། གསར་གཏོད་ཐོན་ཁུངས་བགོ་སྒྲིག་ལེགས་སུ་གཏོང་བ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱ་དགོས། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཚན་རྩལ་འགག་སྒྲོལ་བྱེད་དགོས་ཤིང་། གསར་གཏོད་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་འཛུགས་དགོས། ཚན་རྩལ་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་དང་། ཤེས་བྱའི་ཐོན་དབང་ལ་ཁྲིམས་སྐྱོང་ཐོག་ནས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་ཆགས་པ་བྱ་དགོས་ཞེས་བསྟན་གནང་ཡོད།

ཏིང་ཞུའེ་ཞང་གིས། ཀྲུང་གོས་གོ་ལ་ཧྲིལ་པོའི་གསར་གཏོད་མཉམ་ལས་ནང་ཧུར་ཐག་ཞུགས་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་འདོད་ཡོད་ཅེས་བསྟན་ཡོད། ཁོང་གིས་གྲོས་འགོ་གསུམ་བཏོན་པ་སྟེ། གཅིག་ནས་གོ་ལ་ཧྲིལ་པོའི་གསར་གཏོད་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་རྩ་འཛུགས་དང་ཕྱོགས་མང་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་པ། ལག་གདང་སྦྲེལ་ནས་སྒོ་དབྱེ་དང་། དྲང་སྙོམས། དྲང་བདེན། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་དགོས་པ། གཉིས་ནས་ཆ་ཕྱོགས་ཡོངས་ཀྱི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཁག་གི་སྲིད་གཞུང་དབར་དང་། ཚན་རྩལ་ལས་རིགས། ཐོན་ལས་ལས་རིགས་བཅས་ཀྱི་སྤེལ་རེས་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། ཤེས་ལྡན་པ་དང་། ལག་རྩལ། མ་རྩ། གྲངས་གཞི་སོགས་ཀྱི་རྒྱུ་རྐྱེན་བདེ་བླག་ངང་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ། གསུམ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཁག་གི་ཚན་ཞིབ་མི་སྣས་མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་འཇུག་གྲུབ་འབྲས་ཐུན་མོང་ཐོག་འདོན་དགོས་པ་བཅས་ཡིན་པ་རེད།

འགོ་ཚུགས་མཛད་སྒོ་འཚོགས་རྗེས། ཏིང་ཞུའེ་ཞང་གིས་2023ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ཀྱི་མདུན་གྲལ་ལག་རྩལ་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་། ཚན་རྩལ་མི་སྣ་དང་སྤེལ་རེས་གནང་ཡོད་པ་རེད།

རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་མི་སྣ་དང་། ཁེ་ལས་ཀྱི་འགན་འཁུར་བ། སྲིད་གཞུང་གི་དཔོན་རིགས། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སོགས་མི་1000ཙམ་དྲ་ཐོག་དང་ས་ཡུལ་དངོས་ཟུང་འབྲེལ་བྱེད་པའི་བྱ་ཐབས་ཐོག་ནས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཏིང་ཞུའེ་ཞང་2023ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། 2023ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་དེ་སྤྱི་ཚེས་25ཉིན་གྱི་དགོང་མོ་པེ་ཅིང་དུ་འགོ་ཚུགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ལི་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད།