ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཝང་ཧུའུ་ཉིང་གིས་ཤིན་ཅང་དུ་རྟོག་ཞིབ་གནང་བ།

2023-05-26 09:54:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས་༢༢ཉིན་ནས་ཚེས་༢༤ཉིན་བར་ཤིན་ཅང་དུ་རྟོག་ཞིབ་གནང་ཡོད། ཁོང་གིས། དུས་རབས་གསར་པའི་ཤིན་ཅང་གི་ལས་དོན་ཡག་པོ་བསྒྲུབ་དགོས་ན། ངེས་པར་དུ་དུས་རབས་གསར་པའི་ཏང་གི་ཤིན་ཅང་སྐྱོང་བའི་འཐབ་ཇུས་ཆ་ཚང་བ་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་དགོས་པ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་གཙོའི་སློབ་གསོ་གཏིང་ཟབ་སྤེལ་བ། ཟམ་མི་ཆད་པར་ཐན་ཧྲན་ལྷོ་བྱང་གི་བརྟན་ལྷིང་ཞི་མཐུན་དང་། མི་རིགས་ཁག་གི་མི་དམངས་རྣམས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན་ཡོད།

ཁ་ཧྲེ་རུ། ཝང་ཧུའུ་ཉིང་གིས་ཁ་ཧྲེ་གནའ་གྲོང་དང་། ཨའེ་ཐི་ཀའར་དབྱི་སི་ལམ་མཆོད་ཁང་། ཧྲུའུ་ཧྥུ་རྫོང་ཨ་ཡ་ཀེ་མན་ཀན་གྲོང་ཚོ་སོགས་སུ་རྟོག་ཞིབ་གནང་ཡོད། ཁོང་གིས། ཤིན་ཅང་སྤྱི་ཚོགས་ཀྱི་བརྟན་ལྷིང་ནི་འབྱུང་སླ་པོ་ཞིག་མ་ཡིན་པར། ངེས་པར་དུ་གཅེས་འཛིན་ལྡབ་བརྒྱ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་རྣམས་སེ་འབྲུའི་འབྲུ་གུ་ལྟར་དམ་པོར་སྦྲེལ་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད། ཨུ་ལུམ་ཆིར། ཝང་ཧུའུ་ཉིང་གིས་རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་། དབྱི་སི་ལམ་ཆོས་ལུགས་སློབ་གླིང་། ཤིན་ཅང་སློབ་ཆེན་སོགས་སུ་རྟོག་ཞིབ་གནང་ཡོད། ཁོང་གིས། ཤིན་ཅང་མི་རིགས་ཁག་གིས་དུས་ཡུན་རིང་པོའི་ནང་འགྲོ་འོང་དང་སྤེལ་རེས་མཉམ་བསྲེས་བཅས་བྱས་ནས། མཉམ་དུ་ཤིན་ཅང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་རིག་གནས་གཏོད་ཡོད། ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་འཛུགས་དགོས་པ་དང་། ཀྲུང་ཧྭ་ལ་དགའ་ཞེན་བྱེད་པའི་ས་བོན་མི་མི་རེ་ངོ་རེ་དང་ལྷག་པར་དུ་གཞོན་ནུ་རྣམས་ཀྱི་སེམས་པའི་གཏིང་རུམ་དུ་འདེབས་དགོས་ཞེས་བསྟན་ཡོད།

བརྟག་ཞིབ་གནང་རིང་། ཝང་ཧུའུ་ཉིང་གིས། ཤིན་ཅང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཏན་ཏིག་བྱས་ཐོག ཤིན་ཅང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་རྣམས་སྣེ་ཁྲིད་ནས་གནས་བབ་ཧྲིལ་པོ་བརྟན་སྲུང་དང་། འགྱུར་ལྡོག་ལ་ཁ་གཏད་གཅོག་པ། དབུལ་ཕོངས་དང་འཐབ་པ། འབྱོར་འབྲིང་བསྐྲུན་པ་བཅས་བྱས་ནས། ཤིན་ཅང་གི་བྱ་གཞག་ཁག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག ཤིན་ཅང་གིས་བློ་བརྟན་འགྱུར་མེད་སྒོ་ནས་འཇིགས་སྐུལ་ལ་ངོ་རྒོལ་དང་། བརྟན་ལྷིང་ལ་སྲུང་སྐྱོང་། ཁྲིམས་སྐྱོང་ཅན་དང་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་དགོས་པ་དང་། མུ་མཐུད་ནས་བརྟན་ལྷིང་དང་ཡུན་རིང་བརྟན་ལྷིང་གི་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་འགན་ལེན་བྱེད་དགོས། བློ་བརྟན་འགྱུར་མེད་སྒོ་ནས་མི་རིགས་ཆོས་ལུགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། ཟམ་མི་ཆད་པར་མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་ངོས་འཛིན་ཤུགས་ཆེར་གཏོང་དགོས། བློ་བརྟན་འགྱུར་མེད་སྒོ་ནས་ཤིན་ཅང་གི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་བཏང་ནས། གོང་འཕེལ་གྱི་གྲུབ་འབྲས་དེ་ཉིད་དམངས་འཚོ་ལེགས་བཅོས་དང་། ས་གནས་དེ་གར་ཕན་པ། མཐུན་སྒྲིལ་ཤུགས་ཆེར་འགྲོ་བའི་ཐད་སྔར་ལས་ལྷག་པའི་སྒོ་ནས་དོན་འཁྱོལ་བྱེད་དགོས། ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་ནི་ཤིན་ཅང་ལས་དོན་སྤྱིའི་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ཇུས་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་། ཐོན་ལས་མཉམ་བསྲེས་དང་། དམག་དང་ས་གནས་མཉམ་བསྲེས་ཡོང་རྒྱུར་སྐུལ་འདེད་གཏོང་བ། ས་ཁོངས་ལས་ཞུགས་ཀྱི་གཤོངས་ཚད་ཤུགས་ཆེར་བཏང་སྟེ་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བསྟན་ཡོད།

ཝང་ཧུའུ་ཉིང་གིས་ད་དུང་ཨུ་ལུམ་ཆིར་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལས་བྱེད་པར་ཐུག་འཕྲད་གནང་ཡོད།

མ་ཤིང་རུས་དང་། ཧྲི་ཐའེ་ཧྥེང་བརྟག་ཞིབ་ནང་ཞུགས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཝང་ཧུའུ་ཉིང་གིས་ཤིན་ཅང་དུ་རྟོག་ཞིབ་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས་༢༢ཉིན་ནས་ཚེས་༢༤ཉིན་བར་ཤིན་ཅང་དུ་རྟོག་ཞིབ་གནང་ཡོད།