ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཆང་གིས་ཨུ་རུ་སུའི་ཙུང་ལི་མི་ཧྲུའུ་སེ་ཅིང་དང་གྲོས་མོལ་གནང་བ།

2023-05-26 09:46:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༥པའི་ཚེས་༢༤ཉིན་གྱི་སྔ་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཨུ་རུ་སུའི་ཙུང་ལི་མི་ཧྲུའུ་སེ་ཅིང་དང་གྲོས་མོལ་གནང་ཡོད།

ལི་ཆང་གིས། ཉེ་བའི་ལོ་ཤས་ནང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཨུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་སྔ་ཕྱི་བར་གསུམ་དུ་མཐོ་པོའི་ཐོག་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་ཨུའི་དངོས་སྒྲུབ་མཉམ་ལས་ཀྱི་ལྡེམ་ཤུགས་ཆེ་བ་དང་། མཉམ་ལས་བྱ་གཞི་ཆེ་བ། བར་ཁམས་རྒྱ་ཆེ་བ་ཞིག་རེད།

ཀྲུང་གོས་ཨུ་རུ་སུའི་ཕྱོགས་དང་ལྷན་དུ་ཀྲུང་ཨུའི་ཙུང་ལིའི་དུས་བཀག་མཇལ་འཛོམས་ལམ་སྲོལ་གྱི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་བརྒྱུད། ཕྱོགས་གཉིས་དངོས་སྒྲུབ་མཉམ་ལས་བརྟན་ཐོག་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད།

ལི་ཆང་གིས། ཀྲུང་གོས་ཨུ་རུ་སུའི་ཕྱོགས་དབར་ཉོ་ཚོང་གྲུབ་གཞི་ལེགས་སུ་གཏོང་བ་དང་། ཉོ་ཚོང་སྣ་ཁ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཞིང་ལས་དང་། ཞབས་ཞུ་ཉོ་ཚོང་། གྲངས་འཛིན་དཔལ་འབྱོར། གནོད་མེད་གོང་འཕེལ་སོགས་པའི་ཁྱབ་ཁོངས་ནང་གི་མཉམ་ལས་རྒྱ་སྐྱེད་གཏོང་བ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྤུས་ཀ་ཡོད་ལ་འབོར་ཚད་ཡོད་པའི་ཐོག་ནས་སྐུལ་འདེད་གཏོང་འདོད་ཡོད། ཚོང་དོན་ཉོ་ཚོང་བགྲོད་ལམ་ཤར་བགྲོད་ཡོང་བ་བྱེད་པ་དང་། འགག་སྒྲོལ་བརྒྱུད་རིམ་ལེགས་སུ་གཏོང་བ། འགག་སྒྲོལ་ལས་ཕྱོད་དང་བྱེད་ནུས་ལེགས་སུ་གཏོང་འདོད་ཡོད། མཉམ་ལས་བྱ་གཞི་སྔོན་འདོན་གཏིང་ཟབ་བྱེད་པ་དང་། ས་གནས་དང་ཁེ་ལས་དེ་བས་མང་བ་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ནང་ཞུགས་རྒྱུར་སྐུལ་སྤེལ་གཏོང་འདོད་ཡོད། མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གསོ་དང་། ཚན་རྩལ། རིག་གནས། ཡུལ་སྐོར། ལུས་རྩལ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། ལུས་རྩལ་སྤེལ་རེས་ལོའི་རྗེས་མཐུད་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། རྒྱལ་ཁབ་གཉིས་པོས་ཕན་ཚུན་དབར་ཕྱི་སྦྱོངས་སློབ་མ་གཏོང་བའི་གཞི་ཁྱོན་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་བཅས་བྱ་འདོད་ཡོད་ཅེས་གསུངས་ཡོད།

ལི་ཆང་གིས། འདི་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུའི་གྲོས་འགོ་བཏོན་ནས་ལོ་ངོ་༡༠འཁོར་བའི་ལོ་ཞིག་རེད། ཀྲུང་གོས་ཨུ་རུ་སུ་སོགས་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཉོ་ཚོང་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད།
མི་ཧྲུའུ་སི་ཅིང་གིས། ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཕྱོགས་གཉིས་པོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བར་དམིགས་བསལ་གྱི་དཔེ་སྟོན་གྱི་དོན་སྙིང་ལྡན་ཡོད། རྒྱལ་སྤྱིའི་དུས་བབ་ཟང་ཟིང་ཆེ་ལ་བདེ་འཇགས་མེད་པའི་རྒྱབ་ལྗོངས་འོག་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོར་ཐུན་མོང་ཐོག་འཕྲད་པའི་འགྲན་རྩོད་གསར་པར་ཁ་གཏད་ནུས་ལྡན་གཅོག་འདོད་ཡོད། ཕྱོགས་གཉིས་པོས་མཉམ་ལས་བྱ་གཞི་སྔོག་འདོན་གང་ལེགས་བྱེད་པ་དང་། བཟོ་ཚོང་ལས་རིགས་དབར་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དཔལ་འབྱོར་ཉོ་ཚོང་དང་། ནུས་རྒྱུ། ཞིང་ལས། ཚན་རྩལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱུད་གཅིག་ལམ་གཅིག་ཐུན་མོང་ཐོག་བསྐྲུན་དགོས། ཨུ་རུ་སུ་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་མི་ཆོས་རིག་གནས་དང་ས་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་ཡོད།

གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་ཙུང་ལིས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད།

གྲོས་མོལ་མ་གནང་གོང་། ལི་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་མི་ཧྲུའུ་སི་པེ་ཅིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཡོད།

ཧོ་ལི་ཧྥེང་དང་ཆིན་ཀང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།

ཉིན་དེའི་ཕྱི་དྲོ། མི་ཧྲུའུ་སི་ཅིང་གིས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ལི་ཆང་གིས་ཨུ་རུ་སུའི་ཙུང་ལི་མི་ཧྲུའུ་སེ་ཅིང་དང་གྲོས་མོལ་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༥པའི་ཚེས་༢༤ཉིན་གྱི་སྔ་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་