ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་བཟོ་བཅོས་བརྒྱབ་རྗེས་ཀྱི་༼ཚོང་སྤྱོད་གསང་ཨང་དོ་དམ་སྲོལ་ཡིག༽ཁྱབ་བསྒྲགས་བྱས་པ།

2023-05-26 09:44:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁབ་གི་བཀའ་རྒྱར་མཚན་རྟགས་བཀོད་ནས། བཟོ་བཅོས་བརྒྱབ་རྗེས་ཀྱི་༼ཚོང་སྤྱོད་གསང་ཨང་དོ་དམ་སྲོལ་ཡིག༽ཁྱབ་བསྒྲགས་བྱས་པ་རེད། ༼སྲོལ་ཡིག་༽ནང་། རྫོང་རིམ་པ་ཡན་གྱི་སྲང་ཨང་དོ་དམ་སྡེ་ཚན་གྱིས་དེ་མཚུངས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་ཚོང་སྤྱོད་གསང་ཨང་ལས་དོན་ལ་དོ་དམ་བྱ་དགོས་པ་དང་། དྲ་འཕྲིན་དང་། ཚོང་དོན། འགག་སྒོ། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་རང་ཉིད་ཀྱི་འགན་འཁྲིའི་ཁྱབ་ཁོངས་ནང་གི་ཚོང་སྤྱོད་གསང་ཨང་དང་འབྲེལ་བའི་དོ་དམ་ལས་དོན་སྒྲུབ་འགན་འཁུར་དགོས། ཚོང་སྤྱོད་གསང་ཨང་གི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་སྒྲིག་གཞི་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པ་དང་། ཚོང་སྤྱོད་གསང་ཨང་ཁྱབ་ཁོངས་ཀྱི་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པ། ཚོང་སྤྱོད་གསང་ཨང་གི་ཚན་རྩལ་གྲུབ་འབྲས་བརྗེ་བསྒྱུར་དང་ཐོན་ལས་ཅན་གྱི་བཀོལ་སྤྱོད་ལ་རྒྱབ་སྐྱོར་བྱ་རྒྱུར་སྐུལ་མ་གཏོང་དགོས། ད་ཡོད་ཀྱི་ཚོང་སྤྱོད་གསང་ཨང་གི་ཚན་ཞིབ་གྲུབ་འབྲས་ཞིབ་བཤེར་གསལ་འབྱེད་དང་ཞིབ་མཆན་འགོད་པའི་སྤྱོད་འཐུས་ཁྱབ་ཁོངས་ལེགས་སྒྱུར་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད། ༼སྲོལ་ཡིག་༽ནང་། ཚོང་སྤྱོད་གསང་ཨང་གི་ཞིབ་དཔྱད་ར་སྤྲོད་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྤྱི་དམངས་དང་། ཁྲིམས་མི། དེ་བཞིན་རྩ་འཛུགས་གཞན་པ་བཅས་ཀྱིས་ཁྲིམས་ལྟར་ཚོང་སྤྱོད་གསང་ཨང་སྤྱད་དེ་དྲ་རྒྱ་དང་ཆ་འཕྲིན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཁ་གསལ་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་བཟོ་བཅོས་བརྒྱབ་རྗེས་ཀྱི་༼ཚོང་སྤྱོད་གསང་ཨང་དོ་དམ་སྲོལ་ཡིག༽ཁྱབ་བསྒྲགས་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁབ་གི་བཀའ་རྒྱར་མཚན་རྟགས་བཀོད་ནས། བཟོ་བཅོས་བརྒྱབ་རྗེས་ཀྱི་༼ཚོང་སྤྱོད་གསང་ཨང་དོ་དམ་སྲོལ་ཡིག༽ཁྱབ་བསྒྲགས་བྱས་པ་རེད།