ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དགོངས་པ་སློབ་སྦྱོང་བྱེད་པ་དང་། ཏང་གཤིས་ལ་ཤུགས་སྣོན་རྒྱག་པ། ལག་བསྟར་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ་ཞེས་པ་སྟེ་སི་ཁྲོན་གྱིས་གྲུབ་ཆའི་ཐོན་ཁུངས་གཅིག་བསྡུས་བྱས་ནས། ས་ཁོངས་དཔལ་འབྱོར་མཐུན་སྦྱོར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བ།

2023-05-24 17:04:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སི་ཁྲོན་གྱིས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་གཞིགས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་གཙོའི་སློབ་གསོ་དང་ཟུང་སྦྲེལ་གྱིས། བརྟག་དཔྱད་ཞིབ་འཇུག་ཏན་ཏིག་བྱས་ཏེ། གྲོང་གཉིས་དཔལ་འབྱོར་ཁུལ་ཡག་པོ་བསྐྲུན་པ་དང་། དཔལ་འབྱོར་ཁུལ་མཉམ་དུ་འཛུགས་པ། ཆུ་ཚད་སྔར་ལས་མཐོ་བའི་ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་ལམ་ཁ་དང་ཁ་ཕྱོགས་འཚོལ་རྙེད་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གཏིང་ཟབ་པ་དང་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

སི་ཁྲོན་དང་། ཁྲུང་ཆིང་འབྲེལ་མཚམས་སུ་ཡོད་པའི་ཁྲོན་ཡུས་ཀའོ་ཀྲུའུ་ཁུལ་གསར་དུ། སི་ཁྲོན་ཞིང་ཆེན་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་འབྲེལ་གཞུང་ལས་ཁང་གི་ལས་དོན་མི་སྣས། ཁུལ་གསར་འཛུགས་སྐྲུན་གྱི་བཟོ་ཚོང་ཐོ་འགོད་དང་། ཁེ་ལས་ཚོང་གཉེར་གྱི་གནས་ཚུལ་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་ལྟ་ཞིབ་ནན་ཏན་བྱེད་པ་དང་། གནད་དོན་འཚོལ་བཞིན་ཡོད་པ་རེད།

ཁྲོན་ཡུས་ཀའོ་ཀྲུའུ་ཁུལ་གསར་ནི་སི་ཁྲོན་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་ཐུན་མོང་ཐོག་ཆོག་མཆན་སྤྲད་ནས་འཛུགས་པའི་ཞིང་ཆེན་ས་ཁོངས་ལས་བརྒལ་བའི་ཁུལ་གསར་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་ཁུལ་དང་སྲིད་འཛིན་ཁུལ་ཁ་བྲལ་འོས་འཚམས་ཀྱི་བསྒྱུར་བཅོས་འཚོལ་རྙེད་བྱེད་པའི་གསར་གཏོད་ལས་འགན་འཁུར་བཞིན་ཡོད། སྤྱི་ལོ་༢༠༢༠ལོར་བཙུགས་ཚུན། སི་ཁྲོན་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱིས་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། འགྲིལ་འགྲུལ་སྐྱེལ་འདྲེན། འབྱུང་ཁམས་ཁོར་ཡུག ཁྲལ་དངུལ་བསྡུ་ལེན་སོགས་གཙོ་གནད་ཁྱབ་ཁོངས་སུ་མཉམ་འགུལ་མཐུན་སྦྱོར་སྒྲིག་གཞི་བཟོས་ནས་གཅིག་འགྱུར་ཐོག་སྐུལ་འདེད་བཏང་ཡོད། འོན་ཀྱང་བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་འགྲོ་བ་དང་བསྟུན་ནས། གནད་དོན་གསར་པ་དང་སྣང་ཚུལ་གསར་པ་ཁག་ཅིག་ཟམ་མི་ཆད་པར་ཐོན་བཞིན་ཡོད། སི་ཁྲོན་ཞིང་ཆེན་འཕེལ་བསྒྱུར་ཨུ་ལྷན་གྱིས་གྲོང་གཉིས་གཞུང་ལས་ཁང་གཅིག་འགྱུར་འཆར་འགོད་ཁྲུའི་འགོ་འཛིན་གཞོན་པ་ཧུའུ་ཧྲི་ཝེས། ཁེ་ལས་ཁག་ཅིག་གིས་འགྲིལ་འགྲུལ་ཐད་ཁྲུང་ཆིང་དུ་ཐག་ཉེ་ཡང་མགྱོགས་པོ་མེད་པ་དང་། ཟོག་འདྲེན་མ་གནས་མཐོ་པོ་ཡོད་པ། ཁྲན་དངུལ་སྲིད་ཇུས་ལག་བསྟར་བྱེད་སྟངས་གཅིག་མཐུན་མིན་པ་སོགས་བཏོན་ཡོད། གནད་དོན་འདི་རིགས་ལ་དམིགས་ནས། ང་ཚོས་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་འབྲེལ་ཡོད་ཚན་པས་ཀའོ་ཀྲུའུ་ཁུལ་གསར་དང་མཉམ་དུ་ཞིབ་འཇུག་ནན་ཏན་བྱས་ཏེ། ཞིབ་ཚགས་ལ་ལག་བསྟར་ཐུབ་པའི་བྱ་ཐབས་འདོན་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

འགྱིག་ཤོག་སྐྱི་མོ་བཟོ་མཁན་ཁེ་ལས་ཤིག་གི་འགན་འཁུར་མི་སྣ་ཀྲའོ་ཁྲུན་ཅན་གྱིས་ཞིབ་འཇུག་བརྟག་དཔྱད་ཚོ་ཆུང་གི་ལས་དོན་མི་སྣར། ཁུལ་གསར་གྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། འབྲེལ་ཡོད་ཆ་སྦྱོར་སྒྲིག་ཆས་ལ་མི་འདང་བའི་ཆ་མང་པོ་གནས་ཡོད་ཅེས་བཤད་ཡོད།

ད་ཐེངས་ཀྱི་གཤམ་སྐྱོད་ཀྱིས། ཞིབ་འཇུག་བརྟག་དཔྱད་ཚོ་ཆུང་གིས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སྨན་པ་བསྟེན་པ་སློབ་གྲྭར་བསྐྱོད་པ་སོགས་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ། ཁུལ་གསར་ལ་མི་འདང་བའི་ཆ་དང་ཉམས་ཞན་ལྷུ་ཚིགས་སྔར་བཞིན་གནས་ཡོད་པ་ཤེས་རྟོགས་བྱུང་ཡོད།

ཉེ་དུས། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་། ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་ཐོག་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་གྱི་སྤྱི་ལོ་༢༠༢༣ལོའི་གློད་བསྡོམས་ཞབས་གསུམ་གྱི་བསྒྱུར་བཅོས་གཙོ་གནད་ལས་འགན་གསལ་ཐོ་དང་། སི་ཁྲོན་དང་ཁྲུང་ཆིང་བར་དོན་དག་གཅིག་ཐེངས་གཅིག་ལ་བསྒྲུབ་ཐུབ་པའི་དོན་ཚན་གསལ་ཐོ། སི་ཁྲོན་དང་ཁྲུང་ཆིང་གི་དྲ་ལམ་ཐོག་ནས་འགྲོ་ལུགས་གཉེར་ཐུབ་པའི་གསལ་ཐོ། སི་ཁྲོན་དང་ཁྲུང་ཆིང་ས་ཁོངས་ལས་བརྒལ་བའི་གྲངས་འཛིན་ཅན་གྱི་ཁོར་ཡུག་བེད་སྤྱོད་གསལ་ཐོ་བཅས་གསལ་ཐོ་བཞི་བཏོན་ནས། སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་གྱི་གཙོ་གནད་བྱ་ཐབས་ཁག་འབྲེལ་མཐུད་མཉམ་འདྲེས་དང་། མཐུན་སྦྱོར་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

དགོངས་པ་སློབ་སྦྱོང་བྱེད་པ་དང་། ཏང་གཤིས་ལ་ཤུགས་སྣོན་རྒྱག་པ། ལག་བསྟར་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ་ཞེས་པ་སྟེ་སི་ཁྲོན་གྱིས་གྲུབ་ཆའི་ཐོན་ཁུངས་གཅིག་བསྡུས་བྱས་ནས། ས་ཁོངས་དཔལ་འབྱོར་མཐུན་སྦྱོར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སི་ཁྲོན་གྱིས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་གཞིགས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་གཙོའི་སློབ་གསོ་དང་ཟུང་སྦྲེལ་གྱིས།