ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཆང་གིས་ཀྲུང་གོ་དང་ཨུ་རུ་སུའི་ཚོང་དོན་གླེང་སྟེགས་ལ་ཤིས་འཕྲིན་སྤྲིངས་པ།

2023-05-24 17:01:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀྲུང་ཨུའི་ཚོང་དོན་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ་རེད།

ལི་ཆང་གིས། འདི་ལོའི་ཟླ་3པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་ལེགས་གྲུབ་ལྡན་པའི་ངང་རྒྱལ་དོན་འཚམས་འདྲི་གནང་བ་དང་། ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་ཕྱོགས་གཉིས་པོའི་འབྲེལ་བར་འཆར་བཀོད་གསར་པ་གནང་ཡོད། ད་ཐེངས་ཀྱི་གླེང་སྟེགས་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དང་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད།

ཀྲུང་གོས་ཨུ་རུ་སུ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་བསྐྲུན་པ། སྤུས་ཚད་མཐོ་བའི་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་གཏན་འཁེལ་རང་བཞིན་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་དེ་བས་མང་བ་སྣོན་འདོད་ཡོད་ཅེས་གསུངས་པ་རེད།

ལི་ཆང་གིས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་ནས། མཉམ་ལས་བྱེད་ཚད་དང་སྤུས་ཚད་གཉིས་ཀར་སྐུལ་འདེད་གཏོང་འདོད་ཡོད། ད་ཐེངས་ཀྱི་གླེང་སྟེགས་ཀྱིས་རྒྱལ་ཁབ་གཉིས་པོའི་བཟོ་ཚོང་ལས་རིགས་ཀྱིས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྟེགས་བུ་ཡག་པོ་ཞིག་མཁོ་འདོན་བྱས་ཡོད། རྒྱལ་ཁབ་གཉིས་པོའི་ཁེ་ལས་མཁས་པས་དགོས་མཁོ་དང་སྦྲེལ་མཐུད་གང་ལེགས་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་ནང་དོན་གསར་པ་དང་བཀྲག་མདངས་འཚེར་ས་གསར་པ། གསོན་ཤུགས་གསར་པ་བཅས་སྣོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ལི་ཆང་གིས་ཀྲུང་གོ་དང་ཨུ་རུ་སུའི་ཚོང་དོན་གླེང་སྟེགས་ལ་ཤིས་འཕྲིན་སྤྲིངས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀྲུང་ཨུའི་ཚོང་དོན་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ་རེད།