ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

《རི་མོའི་བརྩམས་ཆོས་ཕུལ་བྱུང་ཁྲོད་ཀྱི་ཏང་གི་ལོ་རྒྱུས》ཞེས་པའི་རི་མོའི་པར་དེབ་འགྲེམས་སྤེལ་བྱས་པ།

2023-05-23 15:25:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། ཀྲེ་ཅང་ཞིང་ཨུད་དྲིལ་བསྒྲགས་པུའུ། ཀྲེ་ཅང་དཔེ་སྐྲུན་མཉམ་འབྲེལ་ཚོགས་པས་གཙོ་གཉེར་བྱས་པའི《རི་མོའི་བརྩམས་ཆོས་ཕུལ་བྱུང་ཁྲོད་ཀྱི་ཏང་གི་ལོ་རྒྱུས》ཞེས་པའི་རི་མོའི་པར་དེབ་འགྲེམས་སྤེལ་མཛད་སྒོ་ཚེས་22ཉིན་ཀྲུང་གོ་གུང་ཁྲན་ཏང་ལོ་རྒྱུས་འགྲེམས་སྟོན་ཁང་དུ་གཉེར་ཡོད། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་འཛིན་ཧྲེན་ཧའེ་ཞུང་མཛད་སྒོར་ཞུགས་པ་མ་ཟད། སྐུ་མགྲོན་ཚོ་དང་མཉམ་དུ་རི་མོའི་པར་དེབ་མཛད་སྒོའི་འགོ་ཚུགས་ཡོལ་བ་འབྱེད་ཡོད། 《རི་མོའི་བརྩམས་ཆོས་ཕུལ་བྱུང་ཁྲོད་ཀྱི་ཏང་གི་ལོ་རྒྱུས》ཞེས་པའི་རི་མོའི་པར་དེབ་དེས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་མིང་གཅིག་པའི་ལེ་ཚན་གྱིས་རྨང་གཞི་བྱས་ཏེ། རི་མོའི་བརྩམས་ཆོས་ཕུལ་བྱུང་ལ་བརྟེན་ནས་ཏང་གི་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འཕེལ་རིམ་མངོན་པའི་རི་མོའི་པར་དེབ་ཆེན་པོ་ཞིག་རེད། གསར་བརྗེའི་རི་མོའི་བརྩམས་ཆོས་ཕུལ་བྱུང་བརྒྱ་ལྷག་ཙམ་ཐེངས་དང་པོ་གཞི་ཁྱོན་ཆེན་པོའི་སྒོ་ནས་གཅིག་སྡུད་པར་བསྐྲུན་བྱས་པ་དང་། ཡི་གེ་དང་། རི་མོ། བརྙན་ཕབ་བཅས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་ལོ་རྒྱུས་འཕེལ་རིམ་མི་འདྲ་བའི་ཁྲོད་གནས་པའི་ཐོག་མའི་བསམ་འདུན་འཚོལ་ཞིབ་དང་། རི་མོའི་བརྩམས་ཆོས་ནང་གི་མི་སེམས་འགུལ་བའི་ཏང་གི་ལོ་རྒྱུས་སྐོར་གྱི་གཏམ་རྒྱུད་ལེགས་པར་བརྗོད་ཡོད།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

《རི་མོའི་བརྩམས་ཆོས་ཕུལ་བྱུང་ཁྲོད་ཀྱི་ཏང་གི་ལོ་རྒྱུས》ཞེས་པའི་རི་མོའི་པར་དེབ་འགྲེམས་སྤེལ་བྱས་པ།

བརྙན་ཕབ་བཅས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་ལོ་རྒྱུས་འཕེལ་རིམ་མི་འདྲ་བའི་ཁྲོད་གནས་པའི་ཐོག་མའི་བསམ་འདུན་འཚོལ་ཞིབ་དང་། རི་མོའི་བརྩམས་ཆོས་ནང་གི་མི་སེམས་འགུལ་བའི་ཏང་གི་ལོ་རྒྱུས་སྐོར་གྱི་གཏམ་རྒྱུད་ལེགས་པར་བརྗོད་ཡོད།