ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་བཀྲ་ཕོ་ལུའོ་ར་ཉིང་རྡུལ་གློག་ཁང་གི་ཕྱི་ཕྱོགས་ཀྱི་གློག་ནུས་ཡོངས་རྫོགས་ཤོར་ཟིན་ཞེས་བསྟན་པ།

2023-05-23 15:20:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་22ཉིན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་བྱ་ཀེ་ལུའོ་ཤིས། ཉིན་དེའི་སྔ་དྲོ་ནས་བཟུང་བཀྲ་ཕོ་ལུའོ་རའི་རྡུལ་ཉིང་གློག་ཁང་གི་ཕྱི་ཕྱོགས་གློག་ཤུགས་ཀྱི་ནུས་པ་ཡོངས་རྫོགས་ཤོར་ཟིན་པ་དང་། རྡུལ་ཉིང་སྒྲིག་ཆས་དེའི་བརྟན་ལྷིང་མེད་པའི་བདེ་འཇགས་ཀྱི་གནས་ཚུལ་མངོན་གསལ་དོད་དུ་ཕྱིན་ཡོད་པས། དེར་སྲུང་སྐྱོབ་བྱེད་དགོས་པ་མ་ཟད་དོན་རྐྱེན་ཐོན་རྒྱུར་སྔོན་འགོག་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད་ཅེས་བསྟན་འདུག ལས་ཡུལ་དངོས་སུ་རིགས་གཅིག་མཁས་པས། རྡུལ་ཉིང་གློག་ཁང་དེས་ཆུ་ཚོད་ལྔ་ཙམ་འདས་རྗེས་ཕྱི་ཕྱོགས་གློག་ཤུགས་དང་སླར་ཡང་སྦྲེལ་མཐུད་བྱ་རྒྱུ་རེད། ཕྱི་ཕྱོགས་གློག་ཤུགས་མེད་པར་གྱུར་རིང་། རྡུལ་ཉིང་གློག་ཁང་དེས་ཐབས་ཤེས་ཟད་དེ་ཁྲའེ་ཡིའུ་སྣུམ་ལ་བརྟེན་ནས་གློག་མཁོ་འདོན་བྱེད་དགོས་བྱུང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་བཀྲ་ཕོ་ལུའོ་ར་ཉིང་རྡུལ་གློག་ཁང་གི་ཕྱི་ཕྱོགས་ཀྱི་གློག་ནུས་ཡོངས་རྫོགས་ཤོར་ཟིན་ཞེས་བསྟན་པ།

རྡུལ་ཉིང་གློག་ཁང་དེས་ཆུ་ཚོད་ལྔ་ཙམ་འདས་རྗེས་ཕྱི་ཕྱོགས་གློག་ཤུགས་དང་སླར་ཡང་སྦྲེལ་མཐུད་བྱ་རྒྱུ་རེད། ཕྱི་ཕྱོགས་གློག་ཤུགས་མེད་པར་གྱུར་རིང་། རྡུལ་ཉིང་གློག་ཁང་དེས་ཐབས་ཤེས་ཟད་དེ་ཁྲའེ་ཡིའུ་སྣུམ་ལ་བརྟེན་ནས་གློག་མཁོ་འདོན་བྱེད་དགོས་བྱུང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།