ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་དབྱང་མཛུབ་ཁྲིད་ཚོ་ཆུང་དགུ་པས་ལྟ་སྐུལ་མཛུབ་ཁྲིད་ཏན་ཏིག་བྱས་ནས་བརྗོད་གཙོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ།

2023-05-22 10:13:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་གཙོའི་སློབ་གསོ་སྤེལ་ཚུན། ཀྲུང་དབྱང་གིས་བརྗོད་གཙོའི་སློབ་གསོ་སྤེལ་ཡུལ་ལས་ཁུངས་ཁག་དང་པོར་མཛུབ་ཁྲིད་ཚོ་ཆུང་༥༨མངགས་ནས་སྐུལ་འདེད་དང་མཛུབ་ཁྲིད་བྱས་ཡོད། ཟླ་བ་གཅིག་གི་ནང་ཚུན་དུ། ཀྲུང་དབྱང་མཛུབ་ཁྲིད་ཚོ་ཆུང་དགུ་པ་ཧོ་ནན་དང་། ཧྲན་ཏུང་ཞིང་ཆེན་གཉིས་སུ་བསྐྱོད་ནས་ཞིང་ཆེན་གཉིས་པོས་བརྗོད་གཙོའི་སློབ་གསོའི་ནང་གི་དགོངས་དོན་སློབ་སྦྱོང་དང་། ཏང་གཤིས་ཤུགས་ཆེར་གཏོང་བ། ལག་བསྟར་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་དམ་པོར་ཆུད་རྒྱུ་ལྟ་སྐུལ་དང་མཛུབ་ཁྲིད་བྱས་ནས། ཟམ་མི་ཆད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་གཏིང་ཟབ་ཕྱོགས་སུ་སྤེལ་བཞིན་ཡོད་པ་རེད།

བརྗོད་གཙོའི་སློབ་གསོ་སྤེལ་ཚུན། ཀྲུང་དབྱང་མཛུབ་ཁྲིད་ཚོ་ཆུང་དགུ་པས་ཧོ་ནན་དང་ཧྲན་ཏུང་ཞིང་ཆེན་ལ་སྐོར་སྐྱོད་མཛུབ་ཁྲིད་དང་། གཤམ་སྐྱོད་འཚམས་འདྲི། བཞུགས་མོལ་དང་བཅར་འདྲི་བགྲོ་གླེང་སོགས་ཀྱི་རྣམ་པ་བརྒྱུད། སྡེ་ཚན་ཁག་དང་ལས་ཁུངས་ཁག་གི་བརྗོད་གཙོའི་སློབ་གསོ་སྤེལ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། སྡེ་ཚན་དང་ལས་ཁུངས་ཀྱི་དོན་དངོས་དང་ཟུང་སྦྲེལ་བྱས་ནས་མཛུབ་ཁྲིད་ལྟ་སྐུལ་གྱི་ལས་དོན་སྤེལ་བ། ལྟ་སྐུལ་དང་མཛུབ་ཁྲིད་ཏན་ཏིག་བྱེད་པ། མཛུབ་ཁྲིད་བྱེད་པའི་ཐོག་ནས་ལྟ་སྐུལ་ལ་སྐུལ་ཁྲིད་བྱས་ཡོད།

མིག་སྔའི་བར་སླེབས་དུས། མཛུབ་ཁྲིད་ཚོ་ཆུང་དགུ་པས་ཧོ་ནན་དང་། ཧྲན་ཏུང་ཞིང་ཆེན་གཉིས་ཀྱི་བརྗོད་གཙོའི་སློབ་གསོའི་ལས་ཀའི་ཇུས་གཞིར་གཟིགས་ཞིབ་གནང་བ་མ་ཟད། བསམ་འཆར་དང་གྲོས་འགོ་བཏོན་གནང་ཡོད། དེས་མ་ཟད་ཞིང་ཆེན་གཉིས་ཀྱི་བརྗོད་གཙོའི་སློབ་གསོའི་སྐུལ་སློང་ཚོགས་ཆེན་དང་། དཔེ་ཀློག་འཛིན་གྲྭ། ཆེད་དོན་ཏང་གི་སློབ་ཚན་བཅས་ལ་ཞུགས་ཡོད་པ་དང་ཆབས་ཅིག་གང་འདྲ་བྱས་ནས་བརྗོད་གཙོའི་སློབ་གསོ་དེ་ཉིད་གཏིང་ཟབ་ཕྱོགས་སུ་སྤེལ་བ་དང་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་བའི་ཐད་དམིགས་བཙུགས་རང་བཞིན་གྱི་མཛུབ་ཁྲིད་བསམ་འཆར་བཏོན་ཡོད།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཀྲུང་དབྱང་མཛུབ་ཁྲིད་ཚོ་ཆུང་དགུ་པས་ལྟ་སྐུལ་མཛུབ་ཁྲིད་ཏན་ཏིག་བྱས་ནས་བརྗོད་གཙོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ།

མིག་སྔའི་བར་སླེབས་དུས། མཛུབ་ཁྲིད་ཚོ་ཆུང་དགུ་པས་ཧོ་ནན་དང་། ཧྲན་ཏུང་ཞིང་ཆེན་གཉིས་ཀྱི་བརྗོད་གཙོའི་སློབ་གསོའི་ལས་ཀའི་ཇུས་གཞིར་གཟིགས་ཞིབ་གནང་བ་མ་ཟད། བསམ་འཆར་དང་གྲོས་འགོ་བཏོན་གནང་ཡོད། དེས་མ་ཟད་ཞིང་ཆེན་གཉིས་ཀྱི་བརྗོད་གཙོའི་སློབ་གསོའི་སྐུལ་སློང་ཚོགས་ཆེན་དང་།