ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧུའུ་ནན་ཁྲང་ཧྲ་ཡི“4·29”ཡི་གྲོང་མིའི་རང་སྐྲུན་སྡོད་ཁང་རྡིབ་པའི་དོན་རྐྱེན་ཚབས་ཆེན་དང་འབྲེལ་བ་ཡོད་པའི་འབྲིང་རིམ་དོ་དམ་དཔོན་རིགས་4ལ་འགན་འཁྲི་བདའ་འདེད་བཏང་བ།

2023-05-22 10:12:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཉིན་ཤས་གོང་། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཧུའུ་ཧེང་ཧྭ་དང་། ཧུའུ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མི། དེ་སྔའི་ཀྲུའུ་རེན་གཞོན་པ་ཁྲེན་ཝུན་ཧའོ། ཧུའུ་ནན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ། ཁྲང་ཧྲ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཀུའེ་དབྱིང་། ཀུའེ་ཀྲོའུ་ཞིང་ཨུད་ཀྱི་རྒྱུན་ཨུ། ཀུའེ་དབྱང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཀྲུང་ཞུང་བཅས་ཀྱིས་ཧུའུ་ནན་ཁྲང་ཧྲ་ཡི་“4·29”གྲོང་མིའི་རང་སྐྲུན་སྡོད་ཁང་རྡིབ་པའི་དོན་རྐྱེན་ཚབས་ཆེན་ཁྲོད་འགན་འཛོལ་ཤོར་བའི་གནད་དོན་ལ་གྱོད་བཙུགས་ཞིབ་བཤེར་བརྟག་དཔྱད་བྱས་ཡོད།

བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ལས་འཛོལ་དེ་ཐོན་པ་ནི་གནད་དོན་ཡུན་རིང་ཐག་གཅོད་མ་བྱས་པ་ལས་ཐོན་པ་ཞིག་ཡིན་པ་དང་། ཧུའུ་ནན་ཞིང་ཆེན་དང་། ཁྲང་ཧྲ་གྲོང་ཁྱེར། ཝང་ཁྲེང་ཁུལ་ཏང་ཨུད་དང་སྲིད་གཞུང་སོགས་འབྲེལ་ཡོད་ཚན་པ་དང་སྡེ་ཚན་དང་དེ་བཞིན་མི་སྣ་བཅས་ཀྱིས་ལས་འཛོལ་འདི་ཐོན་པའི་འགན་འཁྲི་འཁུར་དགོས་ཀྱི་ཡོད།
ཧུའུ་ཧེང་ཧྭ་དང་། ཁྲེན་ཝུན་ཧའོ། ཝུའུ་ཀུའེ་ཡིང་། ཧུའུ་ཀྲུང་ཞུང་བཅས་བློ་མཐུན་4ཡིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་འགོ་ཁྲིད་ཀྱི་འགན་འཁྲི་ཡག་པོ་མ་བསྒྲུབས་པ་དང་། ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲིའི་ལས་འཛོལ་ཧ་ཅང་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་བཟོས་ཡོད་པས་འགན་འཁྲི་བདའ་འདེད་གཏོང་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》དང་།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་བྱེད་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་ཀྲུང་དབྱང་ལ་ཆོག་མཆན་ཞུས་པ་བརྒྱུད། བློ་མཐུན་ཧུའུ་ཧེང་ཧྭ་དང་། བློ་མཐུན་ཁྲེན་ཝུན་ཧའོ། བློ་མཐུན་ཝུའུ་ཀུའེ་དབྱིང་བཅས་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བློ་མཐུན་ཧུའུ་ཀྲུང་ཞུང་ལ་སྲིད་དོན་སྐྱོན་ཐོ་འགོད་པའི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་རེད།

ཧུའུ་ནན་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལས་བྱེད་པའི་དོ་དམ་དབང་ཚད་ དང་། སྒྲིག་སྲོལ་དང་། སྒྲིག་ཁྲིམས། ཁྲིམས་ལུགས་བཅས་གཞིར་བཟུང་། དོན་རྐྱེན་ཁྲོད་སྒྲིག་འགལ་ཁྲིམས་འགལ་དང་འབྲེལ་བ་ཡོད་པའི་གཞུང་ཞབས་པ་62ལ་འགན་འཁྲི་བདའ་འདེད་ནན་པོ་བཏང་བ་དང་། ད་ཐེངས་ཀྱི་ལས་འཛོལ་ལ་འགན་འཁྲི་ཡོད་པའི་ཚན་པ་20ལ་ཡིག་ཐོག་ནས་ཞིབ་བཤེར་དང་དག་ཐེར་ཏན་ཏིག་བྱེད་དགོས་པའི་བཀའ་བཏང་བ་རེད།

དོན་རྐྱེན་དེ་དང་འབྲེལ་བའི་ཁང་བདག་ཝུའུ་ཀྲི་ཡུང་དང་། ཧུའུ་ནན་ཤང་ཏ་ལས་གཞིའི་་ཞིབ་དཔྱད་ཚད་ལེན་ཚད་ཡོད་ཀུང་སིའི་ཁྲིམས་གཏན་འཁེལ་བའི་འཐུས་མི་དབྱང་ཧྲོང་ཕུའུ། ཅིན་ཧྲན་ཆོའོ་ཁྲོམ་ལམ་ཅིན་ཕིང་སྡེ་ཁུལ་ཕན་ཧྲུའུ་དབན་ཚོགས་ཆུང་གི་གྲོང་མི་ལུང་ལི་ཆིན་སོགས་མི་14ཡིས་འགན་འཁྲིའི་ལས་འཛོལ་ཚབས་ཆེན་གྱི་ཉེས་པ་དང་། དཔང་རྟགས་ཡིག་ཆ་རྫུན་མ་མཁོ་འདོན་བྱས་པའི་ཉེས་པ། བསྙད་རྐོ་ཟིང་སློང་གི་ཉེས་པ་བཅས་བསགས་པའི་དོགས་གཞི་ཡོད་པས་སྤྱི་བདེ་ལས་ཁུངས་ཀྱིས་ཐོ་འགོད་མྱུལ་ཞིབ་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་གཞུང་གཏུག་བྱས་པ་རེད།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཧུའུ་ནན་ཁྲང་ཧྲ་ཡི“4·29”ཡི་གྲོང་མིའི་རང་སྐྲུན་སྡོད་ཁང་རྡིབ་པའི་དོན་རྐྱེན་ཚབས་ཆེན་དང་འབྲེལ་བ་ཡོད་པའི་འབྲིང་རིམ་དོ་དམ་དཔོན་རིགས་4ལ་འགན་འཁྲི་བདའ་འདེད་བཏང་བ།

ཧུའུ་ནན་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལས་བྱེད་པའི་དོ་དམ་དབང་ཚད་ དང་། སྒྲིག་སྲོལ་དང་། སྒྲིག་ཁྲིམས། ཁྲིམས་ལུགས་བཅས་གཞིར་བཟུང་། དོན་རྐྱེན་ཁྲོད་སྒྲིག་འགལ་ཁྲིམས་འགལ་དང་འབྲེལ་བ་ཡོད་པའི་གཞུང་ཞབས་པ་62ལ་འགན་འཁྲི་བདའ་འདེད་ནན་པོ་བཏང་བ་དང་།