ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ།

2023-03-25 11:04:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་རེད།

《བསམ་འཆར》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ། མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་པ། དུས་རབས་གསར་པའི་ཏང་གི་འཕྲོད་བསྟེན་དང་བདེ་ཐང་གི་ལས་ཀའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ། མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤྱི་ཕན་རང་བཞིན་མཐའ་འཁྱོངས་བྱེད་པ། སྨན་བཅོས་འཕྲོད་བསྟེན་འཕེལ་རྒྱས་གཏོང་སྟངས་དེ་དོན་སྙིང་ངོ་མའི་འཕེལ་རྒྱས་སུ་འགྱུར་ལྡོག་གཏོང་བར་དོ་སྣང་སྔར་བས་ལྷག་པ་བྱེད་པ་དང་། ཞབས་ཞུ་བྱེད་སྟངས་དེ་མ་ལག་རྒྱུན་མཐུད་ཀྱི་ཕྱོགས་སུ་འགྱུར་ལྡོག་གཏོང་བར་དོ་སྣང་སྔར་བས་ལྷག་པ་བྱེད་པ། དོ་དམ་བྱེད་ཐབས་དེ་ཚན་རིག་ཅན་གྱི་བཅོས་སྐྱོང་ཕྱོགས་སུ་འགྱུར་ལྡོག་གཏོང་བར་དོ་སྣང་སྔར་ལས་ལྷག་པ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་ས་ཁོངས་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤུས་ལེགས་ནུས་མཐོའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བསྐྲུན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།

ལས་ཀའི་དམིགས་ཚད་ནི་2025ལོར་སླེབས་སྐབས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཐོན་ཁུངས་བཀོད་སྒྲིག་དང་ཞབས་ཞུ་དོ་སྙོམས་རང་བཞིན་ཆེ་རུ་གཏོང་བ། ནད་གཞི་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་། སྐྱོབ་བཅོས། འཕྲལ་སྡོམ་ཐག་གཅོད་བཅས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་འཕེལ་རྒྱས་དེ་བས་མཐུན་སྦྱོར་ཡོང་བར་བྱེད་པ། གོ་རིམ་ལྡན་པའི་ངང་སྨན་བཅོས་དང་སྨན་བཅོས་མ་ལག་འཛུགས་སྐྱོང་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པ་བཅས་བྱ་རྒྱུ་དེ་རེད། 2035ལོར་སླེབས་སྐབས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་འཚམ་པ་དང་། མ་ལག་ཆ་ཚང་བ་དང་། ལས་བགོས་ཁ་གསལ་བ། ནུས་པ་གསབ་རེས་ཐུབ་པ། བསྟུད་མར་མཉམ་ལས། རྒྱུན་མཐུད་མཐུན་སྦྱོར། འཁོར་སྐྱོད་ནུས་ཆེ། ལྡེམ་ཤུགས་ཆེ་བ་བཅས་ཀྱི་ཕྱོགས་བསྡུས་རྣམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཆགས་པར་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲང་གཞག་རང་བཞིན་དང་། ཡོངས་ཁྱབ་རང་བཞིན། ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱེད་ནུས་བཅས་མངོན་གསལ་དོད་པོས་ཇེ་ཆེར་འགྲོ་བ་དང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་པ་རེད།

《བསམ་འཆར》ནང་། ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཞིབ་ཕྲའི་བླང་བྱ་བཏོན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བས