ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱིས་རྒན་རྒོན་དང་འཚམས་པའི་བསྒྱུར་བཅོས་ལ་རམ་འདེགས་བྱེད་པ་དང་། རྒན་རྒོན་དང་འཚམས་པའི་བསྒྱུར་བཅོས་བྱེད་པའི་རྒྱལ་ཁབ་ཚད་གཞི་༣༩བཟོ་བཅོས་བརྒྱབ་ནས་བཏོན་རྒྱུ་ཡིན་པ།

2023-03-25 11:03:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱིས་ཉེ་དུས་རྒན་རྒོན་དང་འཚམས་པའི་བསྒྱུར་བཅོས་བྱེད་པའི་རྒྱལ་ཁབ་ཚད་གཞི་བཟོ་བཅོས་ཀྱི་ཆེད་དོན་འཆར་གཞི་ཁག་ཅིག་གཤམ་སྤྲོད་བྱས་ནས་མི་འབོར་རྒན་རྒོན་ཅན་ལ་འགྱུར་བའི་རྒྱལ་ཁབ་འཐབ་ཇུས་ལ་ཁ་གཏད་ཧུར་ཐག་གཅོག་ཆེད་ཚད་ལྡན་འདེགས་སྐྱོར་བྱ་རྒྱུ་ཡིན་པ་རེད།

ཐབ་ཆེ་འཐེན་པའི་ཡོ་ཆས་དང་། གསུམ་སྒྲིལ་སྨན་སྒམ། འཇིང་པའི་ཐོག་འཇོག་བྱེད་ཀྱི་མིག་ཤེལ་ཐག་པ་བཅས་ཧྥུ་ཀྲའུ་གྲོང་ཁྱེར་གྱི་རྒན་གསོ་ཁང་ཞིག་གི་ནང་། རྒན་རྒོན་རྣམས་བེད་སྤྱོད་གཏོང་བདེ་བའི་འཚོ་བའི་མཁོ་ཆས་༢༠༠ལྷག་ཙམ་ཡོད། དེ་ནི་རྒན་གསོ་ཁང་དེས་རྒན་རྒོན་གྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་ཆེད་ཉོ་སྒྲུབ་བྱས་པ་ཤ་སྟག་རེད།

རང་རྒྱལ་ནི་འཛམ་གླིང་ཐོག་མི་འབོར་རྒན་རྒན་ཅན་དུ་འགྱུར་བའི་ཚད་གཞི་ཅུང་མཐོ་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། སྤྱི་ལོ་༢༠༢༢ལོའི་ལོ་མཇུག་བར་སླེབས་དུས། རྒྱལ་ཡོངས་ཀྱི་ལོ་༦༠ཡན་སླེབས་པའི་མི་འབོར་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ཡོད་པ་དེས་རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆ་19.8བཟུང་ཡོད། རྒན་རྒོན་དང་འཚམས་པའི་བསྒྱུར་བཅོས་དེ་རྒན་རྒོན་རྣམས་ཀྱི་དངོས་ཡོད་དགོས་མཁོ་སྐོང་ཚེ། གཞི་ནས་བསྒྱུར་བཅོས་རྒན་རྒོན་གྱིས་སེམས་སུ་ཟུག་ཐུབ། ཉེ་དུས། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་རྒན་རྒོན་དང་འཚམས་པའི་བསྒྱུར་བཅོས་བྱེད་པའི་རྒྱལ་ཁབ་ཚད་གཞི་བཟོ་བཅོས་ཀྱི་ཆེད་དོན་འཆར་གཞི་ཁག་ཅིག་གཤམ་སྤྲོད་བྱས་པ་དང་ཁྱོན་དོན་ཚན་༣༩ཡོད། ཁོར་ཡུག་སྒྲིག་ཆས་དང་། སྤྱོད་མཁོའི་ཡོ་ཆས་ཀྱི་རྒན་རྒོན་ལ་འཚམས་པའི་རང་བཞིན་གྱི་བླང་བྱ་དང་དེ་བཞིན་ཞབས་ཞུ་མཁོ་འདོན་བྱེད་པའི་བླང་བྱར་གཅིག་འགྱུར་འཆར་འགོད་དང་བསམ་གཞིགས་བྱས་ཡོད།

རྒན་རྒོན་ལ་འཚམས་པའི་བསྒྱུར་བཀོད་བྱེད་པར་རྒན་རྒོན་ལ་འཚམས་པའི་ཚད་གཞི་དེ་ཡག་པོ་འཚོལ་དགོས། ཧོ་པེ་ཞིང་ཐའེ་རུ་ད་ལོ་རྒན་རྒོན་གྱི་ཁྱིམ་ཚང་རྒན་རྒོན་ལ་འཚམ་པར་བྱེད་པའི་སྒྱུར་བཀོད་ལས་གྲྭ་དེ་ཉིད་དམངས་འཚོའི་ལས་དོན་ངོ་མ་ཉི་ཤུའི་གྲས་སུ་བཅུག་ཡོད། ཁྱིམ་ཞིང་ཐའེ་ཤང་ཏུའུ་ཆུས་སུ་ཡོད་པའི་དགུང་ལོ་༨༨ལ་སླེབས་པའི་ཝང་ཀུའེ་དབྱིང་ནི་གན་རྒྱ་འཇོག་མཁན་ཁག་དང་པོའི་གྲས་ཡིན་པ་མ་ཟད། ད་ལོའི་ལོ་འགོར་སྒྱུར་བཀོད་ལས་འགོ་བཙུགས་ཡོད། སྒྱུར་བཀོད་བྱེད་པའི་རྗེས་ཀྱི་གསང་སྤྱོད་ནང་སྙོམས་སྒྲིག་བྱེད་ཆོག་པའི་རྐུབ་སྟེགས་དང་ལག་པ་འཇུ་ས་བསྒར་ཡོད་ལ། ད་དུང་ས་མཐིལ་ལ་འདྲེད་བརྡར་ཤོར་རྒྱུ་འགོག་པའི་གདན་ཡང་བཏིང་ཡོད།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སྤྱི་ཚོགས་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲང་དབྱི་ཡིས། ཆེད་དོན་འཆར་གཞི་དེ་སྤྱིའི་ཆ་ནས་རྒན་རྒོན་གྱི་རྒྱུན་གཏན་གྱི་འགྲོ་སྡོད་དང་། འགྲིམ་འགྲུལ་འགྲོ་སྐྱོད། རྒན་གསོ་ལྟ་རྟོག ཡུལ་སྐོར་སྤྲོ་གསེང་། དེབ་དང་ཚགས་པར་ལྟ་བ། ལུས་རྩལ་ལུས་སྦྱོང་སོགས་རྒྱུན་སྤྱོད་འཚོ་བའི་ཁོར་ཡུག་ལ་ཁྱབ་ཡོད་པ་དང་། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱེད་པ་དང་། རྒན་གསོའི་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱིས་རྒན་རྒོན་དང་འཚམས་པའི་བསྒྱུར་བཅོས་ལ་རམ་འདེགས་བྱེད་པ་དང་། རྒན་རྒོན་དང་འཚམས་པའི་བསྒྱུར་བཅོས་བྱེད་པའི་རྒྱལ་ཁབ་ཚད་གཞི་༣༩བཟོ་བཅོས་བརྒྱབ་ནས་བཏོན་རྒྱུ་ཡིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱིས་ཉེ་དུས་རྒན་རྒོན་དང་འཚམས་པའི་བསྒྱུར་བཅོས་བྱེད་པའི་རྒྱལ་ཁབ་ཚད་གཞི་བཟོ་བཅོས་ཀྱི་ཆེད་དོན་འཆར་གཞི་ཁག་ཅི