ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བར་གདེང་འཇོག་གང་ལེགས་བྱས་པ།

2023-03-25 10:51:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲིའི་གནང་བའི་ཐད་གདེང་འཇོག་གང་ལེགས་བྱས་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བར་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ཁྱབ་ཁང་དོ་ཁུར་བྱུང་ཡོད། ཨ་ཀེན་ཐིང་རྒྱལ་ཁབ་སྤྱི་པའི་བརྙན་འཕྲིན་ལས་ཁུངས་ཀྱིས་དཔྱད་གཏམ་སྤེལ་བའི་ནང་། ཞི་ཀྲུའུ་ཞིའི་ད་ཐེངས་ཀྱི་འཚམས་འདྲི་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅིང་། ཀྲུང་གོ་དང་ཨུ་རུ་སུས་མནའ་གྲོགས་མི་འགྲིགས་པ་དང་། ཁ་གཏད་དུ་མི་ལངས་བར་མཉམ་ལས་བྱེད་པའི་དམིགས་ཡུལ་ནི་ཐུན་མོང་དར་རྒྱས་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཀྲུང་ཨུ་གཉིས་པོས་འཛམ་གླིང་ལ་སྣེ་མང་ཅན་ནི་འཕེལ་ཕྱོགས་ཆེན་པོ་ཡིན་པ་བསྟན་ཡོད་ཅེས་བཤད་འདུག

ནི་ཁ་ར་ཀྭ་ཡི་གཞུང་ཕྱོགས་སྨྱན་སྦྱོར་ཨང་གྲངས་19ཡི་གྲངས་འཛིན་ཚགས་པར་ཞེས་པའི་ཐོག་རྩོམ་ཡིག་སྤེལ་ནས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་གནད་སྨིན་འཐུས་ཚང་དང་བརྟན་ལྷིང་གི་ཕྱོགས་གཉིས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ཆེར་འགྲོ་བཞིན་པ་དེས་ཕན་ཚུན་བརྩི་བཀུར་དང་ཞི་བདེ་མཉམ་གནས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་དཔྱད་གཞིར་འཛིན་ས་ཞིག་བཏོན་ཡོད་ཅེས་འཁོད་འདུག

ཁུ་པའི་སྨྱན་སྦྱོར་ལ་མེ་འཕྲིན་གཏོང་ཁང་གི་དྲ་ཚིགས་ཐོག་དཔྱད་གཏམ་རྩོམ་ཡིག་སྤེལ་བའི་ནང་། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་སྤེལ་པའི་མཉམ་འབྲེལ་གསལ་བསྒྲགས་ནི་ཉོ་ཚོང་དང་མ་འཇོག་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པའི་ཁྱོན་ཡོངས་མཉམ་ལས་སྒྲོམ་གཞི་ཞིག་ཡིན་ཞིང་། དུས་ཚོད་ཀྱི་ཚོད་བགམ་ཐེག་ཐུབ་ངེས་ཡིན་ཞེས་འཁོད་འདུག

དེ་རིང་གི་ཕ་ཁི་སི་ཐན་ཚགས་པར་ཞེས་པའི་ཐོག་དཔྱད་གཏམ་སྤེལ་བའི་ནང་། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཕྱོགས་མང་རིང་ལུགས་དང་སྣེ་མང་ཅན་གྱི་འཛམ་གླིང་གི་གནས་སྟངས་ལ་སྐུལ་འདེད་གཏོང་རྒྱུ་དམ་པ་དོན་དུ་གཉེར་བཞིན་པ་དང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་འཁོད་འདུག

རྒྱལ་ཁབ་མང་པོའི་མི་སྣས། ཞི་ཀྲུའུ་ཞིའི་ད་ཐེངས་ཀྱི་འཚམས་འདྲིས་གོ་ལའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་འབུལ་རྒྱུ་རེད་ཅེས་བསྟན་འདུག

ཕོ་ལི་ཝེ་ཡའི་དེ་སྔའི་ཕྱི་འབྲེལ་དཔོན་ཝ་ནེ་ཁུའུ་ཉིས། གཙོ་འཛིན་གྱི་ཕྱི་འབྲེལ་སྣེ་ཁྲིད་འོག ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་འགྲོ་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་མང་བའི་བདེ་སྐྱིད་བསྐྲུན་ངེས་རེད།

མིག་སྔར་བཙན་དབང་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་གོང་དུ་འཕེལ་བའི་གནས་བབ་འོག ཞི་ཀྲུའུ་ཞིའི་ད་ཐེངས་ཀྱི་འཚམས་འདྲིས་ཀྱང་དེང་གི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་ཐུབ་ངེས་རེད་ཅེས་བསྟན་འདུག

ཧང་ག་རིའི་ཡཱ་ཧན་ཕེང་ནུའོ་དབྱི་མའེ་སློབ་ཆེན་གྱི་ཡོ་རོབ་དང་ཨ་ཤེ་ཡའི་ལྟེ་གནས་ཀྱི་ཀྲུའུ་རེན་ལེ་ཝུན་ཐེས། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ད་ཐེངས་འཚམས་འདྲི་གནང་རིང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ། གོ་ལ་ཧྲི་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་སླར་ཡང་བཏོན་གནང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ལ། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས་བཅས་ཀྱི་ཆེད་དུ་འབད་བརྩོན་བྱེད་བཞིན་པ་མཚོན་གྱི་ཡོད་ཅེས་བསྟན་འདུག

དབྱིན་ཇིའི་གོ་མང་ཚང་གི་ཤར་ནུབ་ཕྱོགས་ཀྱི་འཐབ་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་ཞི་དབྱི་སིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་རུང་བ་བཅས་ཀྱི་བདེ་འཇགས་ལྟ་བ་བཏོན་པ་དེས་འཛམ་གླིང་ཡུན་རིང་ཞི་བདེ་བརྟན་ལྷིང་མངོན་འགྱུར་ཡོང་བར་བྱེད་པར་ཐབས་ལམ་གསར་པ་ཞིག་བཏོད་ཡོད། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོས་ཕྱོགས་རྐྱང་པའི་རིང་ལུགས་དང་ཚོགས་པ་ཁ་གཏད་དུ་ལངས་བ་དང་བཟོད་སྒོམ་མི་བྱེད་པའི་བསམ་ཕྱོགས་བཅས་བཀག་བཅད་བྱས་ཏེ། གྲོས་མོལ་དང་། སྐད་ཆ་བཤོད་རེས། ཞི་བདེ་བཅས་ལ་བརྟེན་ནས་ཡུག་རེན་གྱི་ཉམས་ཉེན་ཚུད་པའི་རྒྱལ་སྤྱིའི་གདོང་གཏུག་ཐག་གཅོད་བྱེད་པར་ཆ་རྐྱེན་གསར་པ་བཏོད་ཡོད་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བར་གདེང་འཇོག་གང་ལེགས་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲིའི་གནང་བའི་ཐད་གདེང་འཇོག་གང་ལེགས་བྱས་ཡོད།