ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལས་དབང་གཅིག་མཐུན། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པ།

2023-03-23 09:30:00     责编:娜科

ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ་༢༠༡༣ལོའི་ཟླ་༣པར་མོ་སི་ཁོའི་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་དུ་གཏམ་བཤད་སྤེལ་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ལ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་ཞེས་པའི་འདུ་ཤེས་དང་ཐོག་མར་བཏོན་གནང་ཡོད། ལོ་བཅུའི་ནང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པའི་འདུ་ཤེས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བྱུང་ནས། དུས་རབས་ཀྱི་རླབས་རྒྱུན་ལ་སྣེ་ཁྲིད་བྱེད་པ་དང་མིའི་རིགས་མདུན་སྐྱོད་བྱེད་པའི་དར་ཆ་གསལ་སྟོན་ཞིག་ཏུ་གྱུར་ཡོད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་བཏོན་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་པར་སྐུལ་འདེད་གཏོང་བའི་ཐད་དྲང་ནུས་གང་ལེགས་མཁོ་འདོན་བྱས་ཡོད།
སྤྱི་ལོ་༢༠༢༡ལོའི་ཟླ་༩པའི་ཚེས་༢༡ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་བདུན་ཅུ་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་རྩོད་གླེང་ལ་ཞུགས་སྐབས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་ཐོག་མར་བཏོན་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་ནི་སྔ་བར་ཕྱི་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྱོང་པ་ཞིག་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན་ཞིག རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་ཞུ་མཁན་ཞིག སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་མཁན་ཞིག་བཅས་ཡིན། སླད་མུ་མཐུད་ནས་ཀྲུང་གོའི་འཕེལ་རྒྱས་གསར་པས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་རེད་ཅེས་གསུངས་ཡོད།

གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ནི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་བཏོན་པའི་རྗེས་ཀྲུང་གོས་བཏོན་པའི་གྲོས་འགོ་གལ་ཆེན་གཞན་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་༢༠༣༠ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལ་སྐུལ་འདེད་གཏོང་བའི་མགྱོགས་གཏོང་འཕྲུལ་འཁོར་ལྟ་བུ་ཡིན་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པར་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱས་ཡོད།
སྤྱི་ལོ་༢༠༢༢ལོའི་ཟླ་༦པར་འཚོགས་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་གླེང་མོལ་གྲོས་ཚོགས་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོར་སྐུལ་འདེད་དང་དོན་འཁྱོལ་བྱེད་པའི་ཐད་དམ་པ་དོན་གཉེར་ཐུབ་པའི་བྱ་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་གནང་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་ལ་ཐོན་ཁུངས་གཏོང་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་རོགས་སྐྱོར་ཐེབས་རྩ་དེ་ཉིད་ལེགས་སྒྲིག་བྱས་ནས་༼གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ཐེབས་རྩར་༽རིམ་སྤོར་བྱས་ཏེ།

ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཐེབས་རྩར་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་མཉམ་ལས་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཡོད།
གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྱི་གྲོས་འགོར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལན་ཆ་བཟང་པོ་བྱུང་བ་དང་། མིག་སྔའི་ཆར་རྒྱལ་ཁབ་༡༠༠ལྷག་དང་མཉམ་འབྲེལ་རྒྱལ་ཚོགས་ཚུད་པའི་རྒྱལ་སྤྱིའི་སྒྲིག་འཛུགས་མང་པོས་གྲོས་འགོ་དེར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་༧༠ཙམ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་གྲོགས་པོའི་ཚོགས་ཆུང་ནང་ཞུགས་ཡོད།

ན་ནིང་སྤྱི་ཟླ་༩པར་སྐོང་འཚོགས་བྱས་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་གྲོགས་པོའི་ཚོགས་ཆུང་གི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐོག ལོ་སིའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོག་ཧྲ་ལུན་སའེ་ཡིས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་ལྟེ་བའི་འདུ་ཤེས་ནང་འཕེལ་རྒྱས་གྱི་གལ་ཆེ་ས་དང་། མི་དམངས་ལྟེ་བར་འཛིན་པ། རྒྱལ་ཁབ་གང་ཞིག་ཀྱང་རྗེས་སུ་ལུས་མི་འཇུག་པ་སོགས་པའི་མང་དོན་ཚུད་ཡོད་པས་དེ་དག་ནི་མིག་སྔའི་མིའི་རིགས་ཧྲིལ་པོར་འཕྲད་པའི་ལྟེ་བའི་གནད་དོན་དང་མཐུན་ཡོད་ཅེས་གསུངས་ཡོད།

ཐེ་ལན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོག་ཏུན་ཡིས། ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོ་གཅིག་མཐུན་མ་ལག་འཛུགས་རྒྱུའི་ཆེད་དུ་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་མངོན་འགྱུར་མགྱོགས་པོ་ཡོང་བའི་ཆེད་གོ་སྐབས་ཆེས་ཡག་ཤོས་མཁོ་འདོན་བྱས་ཡོད་ཅེས་གསུངས་ཡོད།
གོ་ལ་ཧྲིལ་པོའི་ཆེས་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་ཀྲུང་གོའི་འཕེལ་རྒྱས་ནི་མ་གཞི་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་དོན་སྙིང་ལྡན་པ་ཞིག་རེད། ཀྲུང་གོ་ལོ་བཅུས་སྔ་སྣུར་དུ༼མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་༢༠༣༠ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་༽ཀྱི་དབུལ་པོ་ཉུང་འཕྲིའི་དམིགས་འབེན་མངོན་འགྱུར་བྱུང་ཡོད་པས། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་འཕྲིའི་བྱ་གཞག་འཕེལ་རྒྱས་དང་མིའི་རིགས་ཀྱི་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ཀྲུང་གོས་ད་དུང་ཀུན་ཕན་ཁོང་ཡངས་དང་ཐུན་མོང་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་བྱས་ནས་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་འཛུགས་སྐྲུན་བྱས་པ་དང་ལག་རྩལ་ཀྱི་མཉམ་ལས་འབོར་ཆེན་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དམངས་འཚོ་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་ཡོད།
ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་མཉམ་ལས་ཐོག་ནས་འཛུགས་སྐྲུན་བྱས་པའི་ཅ་ཁར་ཐ་ནས་ཝེན་ལུང་དབར་གྱི་མྱུར་བགྲོད་ལྕགས་ལམ་དེ་ནི་ཨེ་ཤ་ཡ་ཤར་ལྷོའི་མྱུར་བགྲོད་ལྕགས་ལམ་དང་པོ་དེ་ཡིན་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་ཕན་མཉམ་རྒྱལ་ཡོང་བའི་དཔེ་མཚོན་བཏོད་ཡོད། ཧིན་རྡུ་ཉི་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཕོ་ཉ་སླུའུ་ཁང་གིས། ལྕགས་ལམ་ཤར་གཏོང་ཐུབ་པའི་རྗེས་སུ་མི་དང་དངོས་ཟོག་འགྲོ་འོང་ལ་སྐུལ་འདེད་གང་ལེགས་ཐེབས་ཐུབ་པ་མ་ཟད་ད་དུང་འགྲམ་རྒྱུད་ས་ཆའི་ཚོང་ལས་གསར་སྤེལ་དང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དང་ལས་ཞུགས་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་རྒྱུ་ཡིན་པས་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གང་ལེགས་ཐུབ་རྒྱུ་རེད་ཅེས་གསུངས་ཡོད།
ཀྲུང་གོའི་སྲིན་རྩྭའི་ལག་རྩལ་དེ་རྒྱལ་ཁབ་བརྒྱ་ལྷག་ལ་ཁྱབ་གདལ་བཏང་ཚར་བ་མ་ཟད་རྒྱལ་ཁབ་མང་པོར་དབུལ་སྒྲོལ་བྱ་རྒྱུར་རོགས་རམ་བྱས་ཡོད། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པར་བཅར་སྡོད་ཀྲུང་གོའི་གཞུང་ཚབ་པ་ཙིང་ཧྥན་ཧྭ་ཡིས། སྲིན་རྩྭ་ནི་ཡུལ་དེའི་མང་ཚོགས་ནས་བདེ་སྐྱིད་ཀྱི་རྩྭ་དང་ཕྱུག་འགྱུར་གྱི་རྩྭར་རྩིས་ཀྱི་ཡོད།

སྲིན་རྩྭའི་སྐམ་འབྲས་ལག་རྩལ་སྔར་ལས་ལྷག་པའི་བེད་སྤྱོད་དང་ཁྱབ་གདལ་བྱུང་བ་དང་བསྟུན་ནས་དེས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཞིང་ལས་དང་གྲོང་གསེབ་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་གྱི་ནུས་པ་ཧུར་ཐག་བཏོན་པ་དེ་དེ་བས་མངོན་གསལ་དོད་དུ་འགྲོ་ངེས་ཡིན་ཞེས་གསུངས་ཡོད།
གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། ནུས་རྒྱུ་དང་འབྲུ་རིགས་ཀྱི་ཉམས་ཉེན་ལ་ཁ་གཏད་གཅོག་པ། རིམས་འགོག་དང་རིམས་འགོག་སྨན་ཁབ་མཉམ་ལས། སྐྱེ་ཁམས་སྣ་མང་ཅན་སྲུང་སྐྱོང་། དམངས་འཚོ་ལེགས་བཅོས་སོགས་ཀྱི་ཐད་ལ་ཡང་ཀྲུང་གོས་ལག་ལེན་ངོ་མའི་ཐོག་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་བཏོང་རྒྱུ་གཏན་འཁེལ་གནང་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཀྲུང་གོའི་ལག་བསྟར་སྟེང་གཞི་ཚུགས་ཤིང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད། སྤྱི་ཁྱབ་ཧྲུའི་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་གྲོས་ཚོགས་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་འབད་བརྩོན་ཆེན་པོས་འཛམ་གླིང་འཕེལ་རྒྱས་ལ་གོ་སྐབས་གསར་པ་བསྐྲུན་རྒྱུ་ཡིན་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ང་ཚོས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་རྒྱུར་སྲ་ཞིང་བརྟན་པའི་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ་བཟོ་ལས་ཅན་དང་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་དབར་གྱི་ཧེ་བག་ཆུང་དུ་གཏོང་བ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ། པ་སངས་ལྷ་མོ།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ལས་དབང་གཅིག་མཐུན། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པ།

སྲིན་རྩྭའི་སྐམ་འབྲས་ལག་རྩལ་སྔར་ལས་ལྷག་པའི་བེད་སྤྱོད་དང་ཁྱབ་གདལ་བྱུང་བ་དང་བསྟུན་ནས་དེས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཞིང་ལས་དང་གྲོང་གསེབ་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་གྱི་ནུས་པ་ཧུར་ཐག་བཏོན་པ་དེ་དེ་བས་མངོན་གསལ་དོད་དུ་འགྲོ་ངེས་ཡིན་ཞེས་གསུངས་ཡོད།