ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ད་ལོའི་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་སྡེ་པ་དང་པོ་ལས་འགོ་ཚུགས་པ་དང་། རང་རྒྱལ་གྱི་ཉིང་རྡུལ་གློག་མགྱོགས་མྱུར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་འགོ་ཚུགས་པ།

2023-03-23 09:21:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་ཉིང་རྡུལ་གློག་ཚོགས་པའི་སན་མོན་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་སྡེ་པ་4པའི་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་བཟོ་ཁང་གིས་སྤྱི་ཚེས་22ཉིན་ཨར་འདམ་ལྕགས་ཀྲིང་དང་པོ་དེ་བླུགས་པ་དེའི་ཐོག་ནས་སན་མོན་ཉིང་རྡུལ་གློག་ཁང་གི་དུས་ཐེངས་གཉིས་པའི་ལས་གྲྭ་ཁྱོན་ཡོངས་ནས་འཛུགས་སྐྲུན་གྱི་དུས་མཚམས་སུ་སླེབས་པ་མཚོན་ཡོད། དེ་ནི་རང་རྒྱལ་གྱིས་ད་ལོ་ལས་འགོ་ཚུགས་པའི་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་སྡེ་པ་ཐོག་མ་དེ་ཡིན་པ་དང་། རང་རྒྱལ་གྱི་ཉིང་རྡུལ་གློག་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཡོད།

སན་མོན་ཉིང་རྡུལ་གློག་ཁང་ནི་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་སན་མོན་རྫོང་དུ་གནས་པ་དང་། ད་ཐེངས་ལས་འགོ་ཚུགས་པའི་སན་མོན་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་སྡེ་པ་4པར་ཤོང་ཚད་སྟོང་ཝ་ཁྲི་125ཟིན་པ་དང་། འཁོར་སྐྱོད་ཀྱི་དུས་ཡུན་ལོ་60ཇུས་འགོད་བྱས་ཡོད་ཅིང་། འཛུགས་སྐྲུན་གྱི་དུས་ཡུན་ཟླ་བ་56ཡིན་པ་རེད། སན་མོན་ཉིང་རྡུལ་གློག་ཁང་གི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་སྤྱི་ཁྱབ་ཅིང་ལི་ཝུའེ་ཅུན་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འཕྲུལ་ཚན་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། ལོ་ལྟར་ཆུ་ཚོད་རེར་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར་100ཟིན་རྒྱུ་ཡིན་པས། དབྱང་གཉིས་ཐཱན་འགྱུར་འབུད་བཤངས་བྱེད་ཚད་ཏུན་ཁྲི་750ཉུང་དུ་འགྲོ་རྒྱུ་ཡིན་པ་དེ་ཤིང་འཛུགས་ནགས་བཟོ་བྱེད་ཚད་སྤྱི་ཆིང་ཁྲི་2ཙམ་ཟིན་པ་དང་མཚུངས་ཀྱི་ཡོད།

ཀྲུང་གོར་ད་ཆ་ལོ་རེར་གློག་སྟོང་ཝ་ཁྲི་100ཙམ་མཁོ་འདོན་ཐུབ་པའི་རིམ་པའི་ཆུ་གནོན་ཕུང་པོའི་ཉིང་རྡུལ་གློག་འདོན་གྱི་སྒྲིག་ཆས་ཆ་ཚང་བཅུ་མཁོ་འདོན་ཐུབ་པའི་ནུས་པ་ལྡན་ཡོད། ཉིང་རྡུལ་གློག་གི་ཐོན་ལས་འབྲེལ་ཚད་མཐོ་བ་དང་ཐོན་ལས་སྦྲེལ་ཐག་རིང་ཞིང་། དེའི་འཛུགས་སྐྲུན་བརྒྱུད་རིམ་ནང་ཉིང་རྡུལ་གློག་གི་སྒྲིག་ཆས་བཟོ་སྐྲུན་ལ་བརྟེན་ནས་རྒྱལ་ཐོན་བཟོ་སྐྲུན་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་ཐུབ་པ་མ་ཟད། ད་དུང་རྒྱལ་ནང་གི་ལྕགས་བཞུ་དང་། གློག་འཕྲུལ། བཟོ་སྐྲུན་སོགས་འབྲེལ་ཡོད་ཐོན་ལས་འབོར་ཆེན་ཞིག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཀྱང་བྱེད་ཐུབ་ཀྱི་ཡོད།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ད་ལོའི་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་སྡེ་པ་དང་པོ་ལས་འགོ་ཚུགས་པ་དང་། རང་རྒྱལ་གྱི་ཉིང་རྡུལ་གློག་མགྱོགས་མྱུར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་འགོ་ཚུགས་པ།

སན་མོན་ཉིང་རྡུལ་གློག་ཁང་ནི་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་སན་མོན་རྫོང་དུ་གནས་པ་དང་། ད་ཐེངས་ལས་འགོ་ཚུགས་པའི་སན་མོན་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་སྡེ་པ་4པར་ཤོང་ཚད་སྟོང་ཝ་ཁྲི་125ཟིན་པ་དང་། འཁོར་སྐྱོད་ཀྱི་དུས་ཡུན་ལོ་60ཇུས་འགོད་བྱས་ཡོད་ཅིང་།