ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཨུ་རུ་སུའི་ལས་རིགས་ཁག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྨྱན་སྦྱོར་ཐོག་སྤེལ་བའི་མཚན་བཀོད་རྩོམ་ཡིག་ལ་ཚད་མཐོའི་གདེང་འཇོག་བྱས་པ།

2023-03-22 10:33:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༠ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཚགས་པར་དང་ཨུ་རུ་སུའི་གསར་འགྱུར་དྲ་བའི་ཐོག་འགོ་བརྗོད་དུ་དཀའ་སྤྱད་མདུན་སྐྱོད། ཀྲུང་ཨུའི་མཛའ་གྲོགས་མཉམ་ལས་ཡག་པོ་འགོ་བཙུགས་ནས་ཐུན་མོང་ཐོག་གོང་འཕེལ་གྱི་ལེའུ་གསར་པ་གཏོད་ཅེས་པའི་མཚན་བཀོད་རྩོམ་ཡིག་ཅིག་སྤེལ་ཡོད། རྩོམ་ཡིག་དེར་ཨུ་རུ་སུའི་ལས་རིགས་ཁག་གི་ཁྲོད་ལན་ཆ་བཟང་པོ་བྱུང་བ་དང་། ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་ཀྱི་འཚམས་འདྲིར་ཕེབས་པ་དེས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་གོང་འཕེལ་གཏོང་བའི་ལེའུ་གསར་པ་འགོ་འཛུགས་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་གཏིང་ཟབ་ཏུ་གཏོང་རྒྱུ་དང་མཉམ་ལས་བྱ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྟན་ཡོད།

ཨུ་རུ་སུའི་ཚགས་པར་ཁང་གི་འགོ་འཛིན་ཉེ་ཀེ་དབྱི་ཁྲས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནི་ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་ཞིང་། སྤྱི་ཡོངས་རང་བཞིན་ལྡན་ཡོད། རྩོམ་ཡིག་ནང་འདས་ཟིན་པའི་ལོ་བཅུའི་ནང་ཨུ་ཀྲུང་འབྲེལ་བའི་གོང་འཕེལ་གྱི་བརྒྱུད་རིམ་ལ་ཕྱོགས་བསྡོམས་བྱས་ཡོད་པ་མ་ཟད། འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མཛུབ་ཁྲིད་བྱེད་ཕྱོགས་ལ་གསལ་འགྲེལ་བྱས་ཡོད་ཅེས་དང་། ཁོང་གིས། ཀྲུང་གོ་ནི་ང་ཚོའི་ཁྱིམ་མཚེས་ཡག་པོ་དང་། བློས་འགེལ་ཆོག་པའི་རོགས་ཟླ་ཡག་པོ་ཞིག་ཡིན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་བའི་གོང་འཕེལ་རྒྱུན་འཁྱོངས་ཐུབ་པ་དེ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་གྱི་སྤེལ་རེས་དང་ཁ་བྲལ་ཐབས་མེད་ལ། ཨུ་ཀྲུང་མཉམ་ལས་མགྱོགས་མྱུར་སྒོ་ནས་གོང་འཕེལ་གཏོང་བ་དེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་དང་ཁ་བྲལ་ཐབས་མེད་ཅེས་བཤད་ཡོད།

ཨུ་རུ་སུའི་རྒྱལ་བཙུགས་མི་ཆོས་སློབ་ཆེན་གུང་ཙེ་སློབ་གླིང་ཨུ་རུ་སུའི་ཕྱོགས་ཀྱི་ཡོན་ཀྲང་ ཐ་ལ་སི་.དབྱི་ཕུ་ཆིན་ཁེས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ལ་གཙོ་གནད་ཅིག་ཡོད་པ་དེ་ནི་ཨུ་ཀྲུང་མཛའ་གྲོགས་ལ་དུས་ཚོད་ཀྱི་ཚོད་བགམ་ཐེག་ཐུབ་ཡོད་པ་དང་། རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་གི་ཚོད་བགམ་ཡང་ཐེག་ཐུབ་ཡོད། དེ་ནི་ཕྱོགས་གཉིས་པོས་ཕན་ཚུན་བསམ་གཞིགས་དང་། ཕན་ཚུན་འབྲེལ་གཏུག་བྱེད་པ། རྒྱལ་ཁབ་གཉིས་པོས་ཕན་ཚུན་ཡིད་ཆེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དོ་སྙོམས་གོང་འཕེལ་གྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་བཙུགས་པ་བཅས་ཡིན་པས་དེས་གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་དར་རྒྱས་ངོས་ནས་བརྗོད་ན་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་བཤད་ཡོད།
ཨུ་རུ་སུའི་ལས་རིགས་ཁག་གི་མི་སྣས། ཨུ་ཀྲུང་གཙོ་བདག་བར་ཕན་འབྲས་ཀྱིས་ཕྱུག་པའི་སྤེལ་རེས་ཀྱིས་ཕྱོགས་གཉིས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་འགྲོ་རྒྱུར་མཐུན་རྐྱེན་བསྐྲུན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲི་དེས་རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་མཉམ་ལས་ལ་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་རི་མོ་བྲིས་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྟན་འདུག

ཨུ་རུ་སུའི་ཁེ་ལས་མཁས་པ་སུ་ལ་ན་.ལ་ཏེ་ཉེ་ཡེ་ཝས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་ཁོང་གིས་ལོ་བཅུའི་ནང་ཨུ་རུ་སུར་འཚམས་འདྲིར་ཐེངས་བརྒྱད་ཕེབས་མྱོང་བའི་སྐོར་གླེང་གནང་ཡོད་པ་དང་། ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕྱོགས་གཉིས་དང་རྒྱལ་སྤྱིའི་ཚོགས་ཡུལ་དུ་སྔ་ཕྱིར་མཇལ་མོལ་ཐེངས་༤༠གནང་ཡོད། གྲངས་གཞི་དེ་ནི་དགའ་སྤྲོ་དཔག་མེད་སྐྱེས་དགོས་པ་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པ་ནང་ལྟར། ཐུག་འཕྲད་བྱེད་ཐེངས་རེར་ཕྱོགས་གཉིས་པོའི་ངོས་ནས་བརྗོད་ན་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་ཞིག་ཡིན། ང་ཚོས་རྒྱལ་ཁབ་གཉིས་པོའི་ཕྱོགས་གཉིས་ཉོ་ཚོང་འཕར་སྣོན་འགྲོ་བའི་འཕེལ་ཕྱོགས་ཆེན་པོ་མཐོང་ཐུབ་པ་དང་། ན་ནིང་གི་ཉོ་ཚོང་དངུལ་གྲངས་ཨ་སྒོར་དུང་ཕྱུར་༡༩༠༠ལས་བརྒལ་ཡོད། ད་ཐེངས་ཀྱི་འཚམས་འདྲི་དེས་མུ་མཐུད་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད་ཡོད།

ཨུ་རུ་སུའི་ཕྱི་ཕྱོགས་ཉོ་ཚོང་དངུལ་ཁང་གི་འགོ་འཛིན་ཨན་ཏེ་ལེ་.ཁེ་སི་ཅིང་གིས། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲིའི་གྲུབ་འབྲས་ལ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། ཨུ་ཀྲུང་འབྲེལ་བ་དེ་ཁྱབ་ཁོངས་ཁག་ཏུ་དགེ་མཚན་ལྡན་པའི་གོང་འཕེལ་རྣམ་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་། ང་ཚོར་མ་འོངས་པར་ཀྲུང་གོའི་ཚོང་ཟོག་དང་། ཚན་རྩལ་ཐོན་རྫས་སྔར་ལས་མང་བ་ཨུ་རུ་སུར་སླེབས་ཐུབ་པའི་རེ་བ་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་མཉམ་ལས་ལ་གོ་སྐབས་གསར་པས་ཁེངས་ཡོད་ཅེས་བསྟན་འདུག

ཨུ་རུ་སུའི་ཨེ་ཤེ་ཡའི་བཟོ་ལས་ཁེ་ལས་མཁས་པའི་མནའ་འབྲེལ་གྱི་ཀྲུའུ་ཞི་ཝེ་ཐ་ལི་.མན་ཁེ་ཝེ་ཆིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲིར་དོན་སྙིང་གལ་ཆེན་ལྡན་ཡོད། ཨུ་ཀྲུང་ནི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཡིན་ཞིང་། ཕྱོགས་གཉིས་ཉོ་ཚོང་གི་དངུལ་གྲངས་ལོ་བཅུའི་ནང་བརྒྱ་ཆ་༡༡༦འཕར་སྣོན་བྱུང་བ། དེ་ནི་ང་ཚོ་ཕྱོགས་གཉིས་པོའི་བར་དངོས་གཉེར་མཉམ་ལས་བྱས་པའི་འབྲས་བུ་ཡིན། དེ་མིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་དང་། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་སོགས་ཀྱིས་གོ་ལ་ཧྲིལ་པོའི་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་པའི་ངོས་འཛིན་གནང་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ཨུ་རུ་སུའི་ལས་རིགས་ཁག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྨྱན་སྦྱོར་ཐོག་སྤེལ་བའི་མཚན་བཀོད་རྩོམ་ཡིག་ལ་ཚད་མཐོའི་གདེང་འཇོག་བྱས་པ།

ཨུ་རུ་སུའི་ཕྱི་ཕྱོགས་ཉོ་ཚོང་དངུལ་ཁང་གི་འགོ་འཛིན་ཨན་ཏེ་ལེ་.ཁེ་སི་ཅིང་གིས། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲིའི་གྲུབ་འབྲས་ལ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།