ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྨང་གཞི་བརྟན་གཏོང་དང་དམངས་ལ་ཕན་པ་བསྐྲུན་པ་སྟེ། ས་གནས་ཁག་གི་ཆུ་བེད་ལས་གྲྭར་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་པ།

2023-03-21 09:25:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལོ་གཅིག་གི་འཆར་གཞི་དཔྱིད་ཀྱི་དུས་སུ་བཟོ་ཞེས་པ་ལྟར། ས་གནས་ཁག་གི་ཆུ་བེད་ལས་གྲྭ་ཁག་གཅིག་མགྱོགས་མྱུར་བསྐྲུན་བཞིན་ཡོད་ཅིང་། དེ་དག་གིས་འབྲུབ་འགོག་ནུས་པ་འཐུས་ཚང་དུ་གཏོང་རྒྱུ་དང་། ཞིང་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ། མང་ཚོགས་ཀྱི་འཚོ་བར་ཕན་པ་འདོགས་རྒྱུ་བཅས་ཡིན་པ་རེད། འབྲུབ་འགོག་ནུས་པ་ཆེ་རུ་གཏོང་བའི་ཐད། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ཆུའི་བདེ་འཇགས་ཀྱི་གཙོ་གནད་ལས་གྲྭ་སྟེ། ཧོ་ལན་རི་བོའི་ཤར་འདབས་ཀྱི་འབྲུབ་འགོག་བཅོས་སྐྱོང་ལས་གྲྭ་ཉེ་ཆར་དབྱིན་ཁྲོན་དུ་ལས་གཉེར་བྱེད་འགོ་ཚུགས་ཡོད། ཧོ་ལན་རི་བོའི་ཤར་འདབས་ཀྱི་རིང་ཚད་ལ་སྤྱི་ལེ་290ཙམ་དང་ཞེང་ཚད་ལ་སྤྱི་ལེ་33ཙམ་ཡོད་པ་དང་། དེའི་ནང་ཉིང་ཞ་ཡི་ས་ཁུལ་རིམ་པའི་གྲོང་ཁྱེར་4ཡི་ཁྱོན་རྫོང་དང་ཆུས་11དང་བཟོ་ལས་གླིང་10ཚུད་ཡོད། ད་ཐེངས་ཀྱི་སྒྱུར་བཀོད་རིམ་སྤོར་བྱས་པ་བརྒྱུད་ཆུ་འདྲེན་ཆུ་རགས་86གསར་སྐྲུན་དང་བརྟན་དུ་གཏོང་རྒྱུ་དེར་ཁྱོན་སྤྱི་ལེ་133ཡོད་པ་དང་། ཆུ་ལོག་ཕྱིར་འབུད་ཆུ་ཡུར་95བཅོས་སྒྲིག་བྱ་རྒྱུ་དང་དེར་ཁྱོན་སྤྱི་ལེ་502ཡོད་པ་རེད།

སྤྱི་ཟླ་3ཚེས་20ཉིན། རྒྱལ་ཁབ་ཀྱི་གཙོ་གནད་ཆུ་བེད་ལས་གྲྭ། བོད་ལྗོངས་ལྷ་སའི་ཕུ་མདོ་ཆུ་འདྲེན་ལས་གྲྭའི“ཤར་གཏོང་གསུམ་དང་ཁོད་སྙོམས་གཅིག”གི་རྨང་གཞིའི་ལས་གྲྭ་སྐྲུན་འགོ་ཚུགས་ཤིང་། བསྐྲུན་གྲུབ་རྗེས་ལོ་ལྟར་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ལ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་1.42ཀྱི་ཐོན་སྐྱེད་དང་འཚོ་བའི་སྤྱོད་ཆུ་མཁོ་འདོན་བྱེད་ཐུབ་རྒྱུ་ཡིན་པས། ལྷ་སའི་གྲོང་ཁྱེར་གྱི་སྤྱོད་ཆུ་མཁོ་འདོན་གྱི་བདེ་འཇགས་འགན་ལེན་ནུས་ལྡན་ཐུབ་རྒྱུ་རེད། ཡུན་ནན་དབུས་ཁུལ་གྱི་ཆུ་འདྲེན་ལས་གྲྭ་ཡང་དཔྱིད་དུས་ཀྱི་ཨར་ལས་བྱེད་མང་བའི་དུས་སུ་སླེབས་ཡོད། དེ་ནི་རྒྱལ་ཁབ་ཀྱིས་བཀོད་སྒྲིག་བྱས་ནས་བསྐྲུན་པའི་འབབ་རྒྱུད་ལས་བརྒལ་བའི་ཆུ་འདྲེན་ལས་གྲྭ་ཆེན་པོ་ཞིག་ཡིན་པ་དང་། འབྲི་ཆུའི་ཆུ་གཞུང་ཨ་མ་ནས་ཡུན་ནན་དབུས་ཁུལ་དུ་ཆུ་འདྲེན་པའི་ཆུ་འདྲེན་མ་ཡུར་སྤྱི་ལེ་664ལས་བརྒལ་རྒྱུ་དང་། མང་ཚོགས་ཁྲི་1200ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་པ་རེད།
བྱང་ཤར་གྱི་གནམ་གཤིས་ད་དུང་ཅུང་གྲང་མོ་ཡོད་མོད། འོན་ཀྱང་ཧེ་ལུང་ཅང་ཧོ་ཀང་གྲོང་ཁྱེར་ཀོན་མོན་ཙུའེ་ཙེ་ཆུ་མཛོད་དུ་ལས་གྲྭ་འཛུགས་སྐྲུན་གྱི་ལས་ལ་བྲེལ་བཞིན་ཡོད། ཀོན་མོན་ཙུའེ་ཙེ་ཆུ་མཛོད་ནི་རྒྱལ་ཁབ་ཀྱི་ཆུ་བེད་ལས་གྲྭ་གལ་ཆེན་ཞིག་ཡིན་ལ། སུང་ཧྭ་གཙང་པོའི་འབབ་རྒྱུད་ཀྱི་ཝུའུ་ཐུང་གཙང་པོའི་ཆུ་གཞུང་ཨ་མའི་ཚོད་འཛིན་རང་བཞིན་གྱི་འགག་རྩའི་ལས་གྲྭ་ཞིག་ཀྱང་རེད། སྔོན་དཔག་བྱས་ན་2024ལོའི་འབྲུབ་ཆུ་མ་རྒྱས་གོང་བེད་སྤྱོད་གཏོང་འགོ་འཛུགས་རྒྱུ་ཡིན་ཞིང་། འབྲུབ་འགོག་གི་ཚད་གཞི་མཐོ་རུ་གཏོང་ཐུབ་པ་མ་ཟད། སྨད་རྒྱུད་དུ་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་53མང་དུ་འགྲོ་རྒྱུ་ཡིན་པ་རེད།

འབྲི་ཆུའི་ལྷོ་བྱང་གཉིས་སུ་མི་རྣམས་ཀྱིས་ངར་ཤུགས་གཅིག་སྒྲིལ་གྱིས་ལས་ཡུན་དམ་འཛིན་བྱེད་བཞིན་ཡོད། འབྲི་ཆུའི་ཆུ་གཞུང་ཨ་མའི་ཅང་ཞི་དུམ་བུའི་ཉིལ་ངོགས་འཕྲལ་སྒྲུབ་བཅོས་སྐྱོང་ལས་གྲྭས་ས་ཁ་སྐོང་དང་རྩྭ་འདེབས་པའི་ལས་ལ་བྲེལ་བཞིན་ཡོད་པ་རེད། འབྲི་ཆུའི་རིམ་པ་དང་པོའི་ཡན་ལག་ཆུ་བོ་ཆིང་ཅང་གཙང་པོའི་ཆུ་རྒྱུད་འབྲེལ་མཐུད་ལས་གྲྭ་ཁྱོན་ཡོངས་ནས་ལས་འགོ་ཚུགས་པ་དང་། ལས་གྲྭ་དེས་མཐའ་འཁོར་གྱི་ཆུ་རྒྱུད་འབྲེལ་མཐུད་ཐུབ་ནས་འབྱུང་ཁམས་སྲུང་སྐྱོབ་ཉམས་གསོར་སྐུལ་མ་ཐེབས་རྒྱུ་རེད། ཤིན་ཅང་ཐི་ཙི་ན་ཕུའུ་གཙང་པོའི་མོ་མོ་ཁེ་ཆུ་བེད་ལྟེ་བའི་ལས་གྲྭའི་ཆུ་རགས་རྒྱོང་བའི་ལས་གྲྭ་ཛ་དྲག་ངང་སྒྲུབ་བཞིན་ཡོད་པ་རེད། “ཧྲའན་ཞི་ཡི་ལྷོ་ཆུ་བྱང་འདྲེན”ལས་གྲྭ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བཞིན་ཡོད་དེ། འཛུགས་སྐྲུན་པ་2000ལྷག་ཙམ་གྱིས་ལས་གྲྭའི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་ཡོད། ཧོ་པེ་ཞིང་ཆེན་གྱི་ཧན་ཏན་དུ་བཟོ་པ་རྣམས་ཀྱིས་ཆུ་ཡུར་བཟོ་བ་དང་ཆུ་སྒོ་བཟོས་ནས་ཞིང་ནང་ཐོན་སྐྱེད་ཐད་ཞིང་ཆུ་འདྲེན་ཐུབ་རྒྱུར་འགན་ལེན་བྱེད་བཞིན་ཡོད། ཀན་སུའུ་ཝུའུ་ཝུའེ་ལེའང་ཀྲོའུ་རུ། ཆུ་གསོག་ལས་གྲྭ་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་ཞིང་ནང་གི་དཔྱིད་དུས་ཞིང་ཆུ་འདྲེན་རྒྱུར་འགན་ལེན་བྱེད་བཞིན་ཡོད་པ་རེད། ལེའོ་ཉིང་གི་ཞིང་ཆུ་འདྲེན་ཁུལ་བཞིའི་སྒྱུར་བཀོད་ལས་གྲྭ་ཆེ་གྲས་དུས་ཚོད་དམ་འཛིན་གྱིས་ལས་འགོ་ཚུགས་པ་དང་། ལས་གྲྭ་དེ་དག་སྤྱི་ཟླ་4པར་སྔ་རྗེས་སུ་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།

མིག་སྔར། ས་གནས་ཁག་གིས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཤུགས་ཆེན་བྱས་ནས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཧུར་ཐག་བསྐྲུན་བཞིན་ཡོད། 2022ལོའི་ལོ་ཧྲིལ་པོར་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་10893བཏང་ཡོད། 2023ལོར། རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ཆུའི་ཐོན་ཁུངས་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ། གཙོ་གནད་ས་ཁོངས་ཀྱི་ཆུ་དྲ་འཆར་འགོད་འཛུགས་སྐྲུན་དང་ཆུ་ཁུངས་སྙོམས་སྒྲིག་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་གཏོང་བའི་ཆུ་བེད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་རེད།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

རྨང་གཞི་བརྟན་གཏོང་དང་དམངས་ལ་ཕན་པ་བསྐྲུན་པ་སྟེ། ས་གནས་ཁག་གི་ཆུ་བེད་ལས་གྲྭར་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་པ།

འབྲི་ཆུའི་ལྷོ་བྱང་གཉིས་སུ་མི་རྣམས་ཀྱིས་ངར་ཤུགས་གཅིག་སྒྲིལ་གྱིས་ལས་ཡུན་དམ་འཛིན་བྱེད་བཞིན་ཡོད། འབྲི་ཆུའི་ཆུ་གཞུང་ཨ་མའི་ཅང་ཞི་དུམ་བུའི་ཉིལ་ངོགས་འཕྲལ་སྒྲུབ་བཅོས་སྐྱོང་ལས་གྲྭས་ས་ཁ་སྐོང་དང་རྩྭ་འདེབས་པའི་ལས་ལ་བྲེལ་བཞིན་ཡོད་པ་རེད།