ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

བཙོན་གྲོལ་བ་དྲ་གྲགས་སུ་གྱུར་པ་དང་། ཨང་ཐོ་222ཐག་གཅོད་བྱས་པ།

2023-01-26 10:31:00     责编:桑吉卓玛

ཉེ་ཆར། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས། ཁྲིམས་ཆད་འཁུར་ཡུན་ཐིམ་ནས་གློད་འགྲོལ་བྱུང་བའི་མི་ཁག་ཅིག་གིས་བརྙན་ཐུང་དང་ཐད་གཏོང་བརྒྱུད་བཞུར་ཚད་(流量)རག་ཐབས་བྱས་པ་སོགས་སྒྲིག་འགལ་གྱི་གནད་དོན་ལ་དམིགས་ཏེ། ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཤིང་། སྤྱི་ཟླ་1ཚེས་21ཉིན་གྱི་དགོང་མོའི་བར། ཁྱོན་སྒྲིག་འགལ་གྱི་ཨང་ཐོ(账号)222 གྲལ་བཤེར་དང་། སྒྲིག་འགལ་གྱི་ནང་དོན་3345 ཐག་གཅོད་བྱས་ཐོག འབྲེལ་ཡོད་བརྗོད་གཞི་207གཙང་བཤེར་བྱས་པ་སྟེ། དེ་དག་གཙོ་བོ་ཁྲིམས་ཆད་འཁུར་བའི་ཉམས་མྱོང་ངོམས་སྟོན་དང་། ཁྲིམས་ཆད་འཁུར་བའི་འཚོ་བ་མཛེས་བརྗོད་བྱས་པ། རྒྱལ་ཁབ་ཀྱི་ཁྲིམས་འཛིན་དྲང་གཞག་ལ་དོགས་འདྲི་བྱས་པ།“ ཁྲིམས་ཆད་འཁུར་བ”བརྗོད་གཞིར་བྱས་ནས་དགོད་བྲོ་བའི་བརྙན་ཐུང་གསར་རྩོམ་བྱས་པ་དང་། “བཙོན་གྲོལ་ཐོབ་པའི་མི”ཡི་མིང་ངམ་ཡང་ན་ཐོབ་ཐང་ཐོག་ནས་དངོས་པོ་འཚོང་བ་སོགས་ཀྱི་སྒྲིག་འགལ་གནད་དོན་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན་དབང་ཕྱུག
ཡིག་སྒྱུར། བྱམས་མཚོ།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

བཙོན་གྲོལ་བ་དྲ་གྲགས་སུ་གྱུར་པ་དང་། ཨང་ཐོ་222ཐག་གཅོད་བྱས་པ།

ཉེ་ཆར། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས། ཁྲིམས་ཆད་འཁུར་ཡུན་ཐིམ་ནས་གློད་འགྲོལ་བྱུང་བའི་མི་ཁག་ཅིག་གིས་བརྙན་ཐུང་དང་ཐད་གཏོང་བརྒྱུད་བཞུར་ཚད་(流量)རག་ཐབས་བྱས་པ་སོགས་སྒྲིག་འགལ་གྱི་