ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དཔྱིད་གསར་རིང་། ཡིག་ཆ་འདིར་ངེས་པར་དུ་གཟིཊ་རོགས།

2023-01-25 12:07:00     责编:桑吉卓玛

2023ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་ཉིན་བཞི་པ་ཤར་ཞིང་། ཁ་སང་རིག་གནས་དང་ཡུལ་སྐོར་པུས་ཡང་བསྐྱར་ཡིག་ཆ་བཀྲམས་ནས་རྒྱ་ཆེའི་ཡུལ་སྐོར་བར་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བདེ་འཇགས་ངང་ཡུལ་སྐོར་བྱ་རྒྱུའི་དྲན་སྐུལ་བྱས་པ་རེད།

གཅིག བདེ་འཇགས་འགན་སྲུང་མེད་པའི་ཉེན་ཁའི་ས་ཁོངས་དང་ཐག་རིང་དུ་གཏོང་དགོས། འགྲུལ་བསྐྱོད་ལམ་བར་ཆུ་དང་། བྲག་མཐའ། ཆུ་ལམ་སོགས་ཉེན་ཁ་ཆེ་བའི་ས་ཁོངས་དང་ཐག་རིང་དུ་བྲལ་དགོས་པ་དང་། ས་གནས་དེ་གའི་འབྲེལ་ཡོད་བདེ་འཇགས་དྲན་སྐུལ་ལ་དོ་སྣང་དང་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ཏེ་དངོས་སུ་གསར་སྤེལ་སྒོ་དབྱེ་བྱས་མེད་པ་དང་བདེ་འཇགས་འགན་ལེན་མེད་པའི་ས་ཁོངས་སུ་ཡུལ་སྐོར་དུ་བསྐྱོད་མི་རུང་།

གཉིས། ཉེན་ཁ་ཆེ་བའི་ཡུལ་སྐོར་རྣམ་གྲངས་ནང་གཟབ་ནན་ངང་ཞུགས་དགོས། མི་སྒེར་གྱི་ལོ་ཚད་དང་བདེ་ཐང་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་ཆེད་ལས་མི་སྣའི་མཛུབ་ཁྲིད་འོག་མཐོ་ས་དང་། མྱུར་བགྲོད། ཆུ་ཐོག ཆུ་འཛུལ་སོགས་ཀྱི་ཉེན་ཁ་ཆེ་བའི་རྣམ་གྲངས་ནང་གཟབ་ནན་ངང་ཞུགས་ནས་རང་ཉིད་དང་མི་གཞན་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པའི་བྱེད་སྤྱོད་སྤེལ་མི་རུང་།

གསུམ། མེ་གསོད་དང་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་དོ་སྣང་བྱ་དགོས། ཕྱི་རོལ་དུ་ཡུལ་སྐོར་སྐྱོད་སྐབས་མེ་ཟོན་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་དགོས། མགྲོན་ཁང་དུ་སྡོད་སྐབས་དུས་ཐོག་ཏུ་མེ་ཟོན་འགྲོ་ལམ་ཤེས་རྟོགས་བྱེད་དགོས། འཕྲུལ་སྒུལ་འཁོར་ལོར་བསྡད་དེ་ཡུལ་སྐོར་དུ་སྐྱོད་སྐབས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་པ་དང་ལམ་བར་དུ་བརྒྱུད་རིམ་ཧྲིལ་པོར་བདེ་འཇགས་སྲུང་ཐག་དཀྲིས་དགོས།

བཞི། ཡུལ་སྐོར་བྱེད་རིང་མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་དགོས། རང་ཉིད་ཀྱི་ལུས་ཁམས་བདེ་ཐང་ཡོང་བའི་འགན་འཁྲི་བ་ཨང་དང་པོ་བྱེད་དགོས་པ་དང་། རང་ཉིད་ཀྱི་འཕྲོད་བསྟེན་གྱི་གོམས་སྲོལ་བཟང་པོ་རྒྱུན་འཛིན་བྱ་དགོས་པ། དགོས་ངེས་ཀྱི་འགོག་སྲུང་སྤྱོད་ཆས་གྲ་སྒྲིག་བྱ་དགོས། དེ་བཞིན་གྲང་ངར་ཆེ་བའི་གནམ་གཤིས་སྟོན་དུས་ཀྱི་ཡུལ་སྐོར་ལ་གྲང་འགོག་དྲོད་སྲུང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
སྒྲིག་སྒྱུར། བཀྲ་རྡོར།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

དཔྱིད་གསར་རིང་། ཡིག་ཆ་འདིར་ངེས་པར་དུ་གཟིཊ་རོགས།

2023ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་ཉིན་བཞི་པ་ཤར་ཞིང་། ཁ་སང་རིག་གནས་དང་ཡུལ་སྐོར་པུས་ཡང་བསྐྱར་ཡིག་ཆ་བཀྲམས་ནས་རྒྱ་ཆེའི་ཡུལ་སྐོར་བར་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བདེ་འཇགས་ངང་ཡུལ་སྐོར་བྱ་རྒྱུའི་དྲན་སྐུལ་བྱས་པ་རེད།