ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དམིགས་འབེན་གསར་པར་ཁ་ཕྱོགས་ཏེ། འབད་པས་སླར་ཡང་རྡོག་ཐོན་བྱེད།

2023-01-22 16:55:00     责编:桑吉卓玛

འདི་ག་ལས་ཁུངས་ནས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱད། འགོ་བརྗོད་དུ། དམིགས་འབེན་གསར་པར་ཁ་ཕྱོགས་ཏེ། འབད་པས་སླར་ཡང་རྡོག་ཐོན་བྱེད་ཅེས་པ་སྤེལ་ཡོད།

མྱུར་དཔྱད་ནང་། སྤྱི་ཟླ་1པོའི་ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཚོགས་པའི་སྤྱི་ལོ་2023ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་རྒྱལ་ཡོངས་མི་དམངས་ཀྱི་སྟག་ལོར་བྱ་བ་སྒྲུབ་ཕོད་པའི་ངར་ཤུགས་དང་། སྟག་ཚང་དུ་འཛུལ་ཕོད་པའི་དཔའ་སྟོབས། བློ་བརྟན་འགྱུར་མེད་ཀྱི་སེམས་ཤུགས་བཅས་ལ་བསྔགས་བརྗོད་གནང་བ་མ་ཟད། ཆུ་ཡོས་ལོའི་ལོ་གསར་པའི་ནང་དམིགས་ཚད་གསར་པའི་ཕྱོགས་སུ་འབད་འབུངས་མདུན་བསྐྱོད་བྱ་རྒྱུའི་ཐད་ཐུགས་རེ་ཟབ་མོ་བཅོལ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་དངོས་སྒྲུབ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་སླར་ཡང་ནན་བཤད་གནང་བ་དང་། ང་ཚོས་ལོ་གསར་པའི་ནང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཐོག་ནས་ལས་དོན་བསྒྲུབ་རྒྱུ་དང་ལས་གཏོད་བྱ་རྒྱུར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་ཡོད་ཅིང་། ང་ཚོས་འབད་འབུངས་ཡར་བརྩོན་གྱིས་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་རྒྱུར་སྒུལ་ཤུགས་ཆེན་པོ་བསྩལ་གནང་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག སྐལ་བཟང་བདེ་སྐྱིད།
སྒྲིག་སྒྱུར། བསྟན་འཛིན་འཇམ་དཔལ།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

དམིགས་འབེན་གསར་པར་ཁ་ཕྱོགས་ཏེ། འབད་པས་སླར་ཡང་རྡོག་ཐོན་བྱེད།

འདི་ག་ལས་ཁུངས་ནས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱད། འགོ་བརྗོད་དུ། དམིགས་འབེན་གསར་པར་ཁ་ཕྱོགས་ཏེ། འབད་པས་སླར་ཡང་རྡོག་ཐོན་བྱེད་ཅེས་པ་སྤེལ་ཡོད།