ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

འབད་བརྩོན་ཆེན་པོས་རྒྱང་སྐྱོད་གསར་པའི་འགོ་ཡག་པོ་ཞིག་འཛུཊ་དགོས།

2023-01-22 10:30:00     责编:桑吉卓玛

འདི་ག་ལས་ཁུངས་ནས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱད་༼ཡིད་ཆེས་བརྟན་གཏོང་དང་། འབད་འབུངས་ཡར་བརྩོན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པའི་འགོ་ཡག་པོ་ཞིག་འཛུགས་དགོས་༽ཞེས་པ་གཏོང་སྤེལ་བྱས་ཡོད།

མྱུར་དཔྱད་ནང་། སྤྱི་ཟླ་1པོའི་ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོར་སྤྱི་ལོ་2023ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། འདས་ཟིན་པའི་ལོ་གཅིག་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་བ་དང་། ལོ་གསར་པའི་ནང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་འགོ་ཡག་པོ་ཞིག་འཛུགས་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་མཛད་ཡོད་ཅིང་། རྒྱལ་ཡོངས་ཀྱི་མི་དམངས་ལ་སྨོན་འདུན་བཟང་པོ་ཞུས་པ་དང་། རྒྱ་ཆེའི་གཞོན་ནུ་ཚོར་ཐུགས་རེ་ཟབ་མོ་བཅོལ་གནང་བས། མི་དམངས་དུང་ཕྱུར་མང་པོས་དཀའ་ངལ་ཁྱད་བསད་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱ་རྒྱུར་སྐུལ་ལྕག་ཐེབས་ངེས་ཡིན་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བྱས་རྗེས་གསར་པ་འཇོག་པ། ཚད་བརྒལ་གསར་པ་མངོན་འགྱུར་ཡོང་བ། རྣམ་པ་གསར་པ་ཐོན་ངེས་རེད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

འབད་བརྩོན་ཆེན་པོས་རྒྱང་སྐྱོད་གསར་པའི་འགོ་ཡག་པོ་ཞིག་འཛུཊ་དགོས།

འདི་ག་ལས་ཁུངས་ནས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱད་༼ཡིད་ཆེས་བརྟན་གཏོང་དང་། འབད་འབུངས་ཡར་བརྩོན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པའི་འགོ་ཡག་པོ་ཞིག་འཛུགས་དགོས་༽ཞེས་པ་གཏོང་སྤེལ་བྱས་ཡོད།