ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཨུ་རུ་སུས་ཡུག་རེན་དམག་དང་དེའི་སྒྲིག་ཆས་ལ་གཏོར་ཕམ་བཏང་ཡོད་ཅེས་བསྟན་པ་དང་། ཡུག་རེན་གྱིས་ཨུ་རུ་སུའི་དམག་གིས་འཇབ་རྒོལ་མཐར་སྐྲོད་བཏང་ཡོད་ཅེས་བསྟན་འདུག

2023-01-20 15:18:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་1པོའི་ཚེས་19ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ནས་དམག་འཐབ་ཀྱི་གནས་ཚུལ་སྤྱི་བསྒྲགས་བྱས་པར་གཞིགས་ན། ཨུ་རུ་སུའི་དམག་གིས་ཁུ་བི་ཡང་སི་ཁེའི་ཕྱོགས་སུ་ཡུག་རེན་དམག་མི་30ལྷག་དང་། འཁྲབ་ལྡན་འཁོར་ལོ་1དང་དམག་སྤྱོད་རླངས་འཁོར་2 སྒྱོགས་མདེལ་2བཅས་རྩ་མེད་བཏང་ཡོད། ཧུང་ལི་མན་ཕྱོགས་སུ་ཡུག་རེན་དམག་མི་60ལྷག་དང་འཁྲབ་ལྡན་འཁོར་ལོ་1དང་། མོ་ཊ་ཕི་ཁྭ་3 སྒྱོགས་མདེལ་1བཅས་རྩ་མེད་བཏང་ཡོད། ཏུན་ཉེ་ཚེ་ཁེའི་ཕྱོགས་སུ་ཨུ་རུ་སུའི་དམག་གིས་ཡུག་རེན་དམག་མི་80ལྷག་དང་། འཁྲབ་ལྡན་འཁོར་ལོ་2 དམག་སྤྱོད་རླངས་འཁོར་4 སྒྱོགས་མདེལ་3དང་དེ་མིན་སྒྱོགས་མདེལ་མ་ལག་མང་པོ་རྩ་མེད་བཏང་ཡོད། ལྷོ་ཏུན་ཉེ་ཚེ་ཁེའི་ཕྱོགས་སུ་ཨུ་རུ་སུའི་དམག་གིས་ཡུག་རེན་དམག་མི་30ལྷག་དང་འཁྲབ་ལྡན་འཁོར་ལོ་2 མོ་ཊ་ཕི་ཁྭ་3བཅས་རྩ་མེད་བཏང་ཡོད།

ཨུ་རུ་སུའི་མཁའ་དམག་གི་འཐབ་འཛིང་གནམ་གྲུས་ཡུག་རེན་དམག་གི་དམག་འཐབ་གནམ་གྲུ་སུའུ་25རྟགས་ཅན་ཞིག་གཏོར་ལྷུངས་བཏང་བ་དང་། ཨུ་རུ་སུའི་མཁའ་ཟོན་དཔུང་སྡེས་ཡུག་རེན་གྱི་མི་མེད་གནམ་གྲུ་5བཅས་གཏོར་ལྷུངས་བཏང་ཡོད།
ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་དྲག་ཇུས་པུས་སྤྱི་ཚེས་19ཉིན་གྱི་སྔ་དྲོ་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་དྲག་ཆས་དཔུང་སྡེས་ཨུ་རུ་སུའི་དམག་གི་ཏུན་ཉེ་ཚེ་ཁེ་དང་ལུ་ཀན་སེ་ཁེའི་གཏན་སྡོད་ཁུལ་14ཉེ་འགྲམ་བར་མཐའ་སྐྲོད་བཏང་ཡོད་ཅེས་བསྟན་འདུག

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有