ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧན་ཀྲེང་གིས་བརྙན་མཐོང་ཐོག་ནས་རང་རྒྱལ་གྱི་གླིང་སྣེ་དང་རྒྱ་མཚོའི་རྟོག་ཞིབ་རུ་མིར་འཚམས་འདྲི་ཞུས་འདུག

2023-01-19 10:19:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་ནས་སྲུང་སྐར་བརྙན་མཐོང་བརྒྱུད་ད་ལྟ་གླིང་སྣེ་དང་རྒྱ་མཚོར་ལས་འགན་སྒྲུབ་བཞིན་པའི་རང་རྒྱལ་གྱི་རྟོག་ཞིབ་མི་སྣར་མཛའ་བརྩེའི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་འདུག
ཞུའེ་ལུང་རྟགས་ཅན་གྱི་ལྷོ་སྣེའི་ཚན་ཞིབ་གྲུ་གཟིངས་དང་། ལྷོ་སྣེའི་ཁྲང་ཁྲེང་ས་ཚིགས་དང་། ཀྲུང་ཧྲན་ས་ཚིགས། རྒྱ་མཚོ་ཆེན་པོ་རྟགས་ཅན་གྲུ་གཟིངས་ཐོག་གི་རུ་མིའི་འཐུས་མིས་གཏམ་བཤད་སྤེལ་བ་གསན་གྲུབ་རྗེས། ཧན་ཀྲེང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་གཏན་ནས་གླིང་སྣེ་དང་རྒྱ་མཚོའི་ཚན་རིག་རྟོག་ཞིབ་ལས་ཀར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རང་རྒྱལ་གྱི་མཚོ་གཏིང་དང་གླིང་སྣེའི་ས་ཁུལ་གྱི་ལས་ཀར་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། མཚོ་གཏིང་དང་གླིང་སྣེར་རྒྱུས་མངའ་དང་། སྲུང་སྐྱོང་། བེད་སྤྱོད་བཅས་ཀྱི་ནུས་པ་མངོན་གསལ་དོད་པོས་ཤུགས་ཆེར་ཕྱིན་ཡོད། གླིང་སྣེ་དང་རྒྱ་མཚོའི་རྒྱ་ཆེའི་ལས་དོན་མི་སྣས་དཀའ་ངལ་མཐའ་དག་ཁྱད་བསད་བྱས་ནས། རང་རྒྱལ་གྱི་མཚོ་གཏིང་དང་གླིང་སྣེའི་ཚན་ཞིབ་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་གསུངས་ཡོད།

ཧན་ཀྲེང་གིས། རྒྱ་ཆེའི་རྟོག་ཞིབ་མི་སྣས་མེས་རྒྱལ་དང་། མི་དམངས་ཀྱི་རེ་བ་ནན་པོ་སེམས་ལ་འཇོག་དགོས་པ་དང་། མུ་མཐུད་འབད་འབུངས་ཡར་བརྕོན་བྱས་ནས་ཚན་རིག་རྟོག་ཞིབ་ལས་དོན་གཏིང་ཟབ་སྤེལ་བ་དང་། འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ་དེ་བས་མང་བ་ཐོབ་རྒྱུར་འབད་བརྕོན་བྱས་ཏེ་རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་བསྐྲུན་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་། མིའི་རིགས་ཀྱིས་གླིང་སྣེ་དང་རྒྱ་མཚོར་ཚན་རིག་དང་མཐུན་པའི་ཤེས་རྟོགས་དང་། ཞི་བའི་ངང་སྤྱོད་རྒྱུར་ ལེགས་སྐྱེས་དེ་བས་མང་བ་འབུལ་དགོས་པའི་སྐུལ་མ་བཏང་གནང་ཡོད། ཁོང་གིས་འབྲེལ་ཡོད་སྡེ་ཁག་གིས་མཛུབ་སྟོན་དང་ཞབས་ཞུ་མུ་མཐུད་ཤུགས་ཆེར་བཏང་ནས། གླིང་སྣེ་དང་རྒྱ་མཚོའི་ཚན་ཞིབ་ལས་ཀའི་ཆེད་འགན་སྲུང་བརྟན་པོ་བྱ་རྒྱུའི་བླང་བྱ་བཏོན་ཡོད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཧན་ཀྲེང་གིས་བརྙན་མཐོང་ཐོག་ནས་རང་རྒྱལ་གྱི་གླིང་སྣེ་དང་རྒྱ་མཚོའི་རྟོག་ཞིབ་རུ་མིར་འཚམས་འདྲི་ཞུས་འདུག

ཧན་ཀྲེང་གིས། རྒྱ་ཆེའི་རྟོག་ཞིབ་མི་སྣས་མེས་རྒྱལ་དང་། མི་དམངས་ཀྱི་རེ་བ་ནན་པོ་སེམས་ལ་འཇོག་དགོས་པ་དང་། མུ་མཐུད་འབད་འབུངས་ཡར་བརྕོན་བྱས་ནས་ཚན་རིག་རྟོག་ཞིབ་ལས་དོན་གཏིང་ཟབ་སྤེལ་བ་དང་།