ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཨུ་རུ་སུའི་ཙུང་ཐུང་གིས་དམིགས་བསལ་དམག་དོན་བྱ་སྤྱོད་ཀྱི་འཕེལ་རིམ་ཡག་པོ་ཡོད་ཅེས་བཤད་པ་དང་། ཡུག་རེན་ཕྱོགས་ནས་ཨུ་རུ་སུའི་དམག་གི་འཇབ་རྒོལ་རྐྱེན་པས་ཡུག་རེན་གྱི་མེ་སེར་བརྒྱ་ལྷག་ཙམ་ལ་ཤི་རྨས་བཟོས་ཡོད་ཅེས་བསྟན་པ།

2023-01-19 10:17:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་རྒྱལ་སྲུང་པུའི་མགྲིན་ཚབ་པས་སྤྱི་ཚེས་༡༥ཉིན་བརྡ་ཁྱབ་ཞིག་བཏང་ཡོད་པ་དང་། ཨུ་རུ་སུའི་དམག་གིས་འདས་ཟིན་པའི་ཆུ་ཚོད་༢༤ནང་ཡུག་རེན་གྱི་དམག་དོན་བཀོད་འདོམས་ཚོད་འཛིན་མ་ལག་དང་དེ་བཞིན་འབྲེལ་ཡོད་ནུས་ཁུངས་སྒྲིག་ཆས་ལ་མེ་ཤུགས་འཕུར་མདེལ་གྱིས་རྡུང་རྡེག་བཏང་ཡོད་ལ་སྔོན་གཏན་འཁེལ་བའི་དམིགས་འབེན་ལ་ཕོག་ཡོད་ཅེས་བསྟན་ཡོད། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་སྤྱི་ཚེས་༡༥ཉིན། དམིགས་བསལ་དམག་དོན་བྱ་སྤྱོད་ཀྱི་གོང་འཕེལ་རིམ་ཡག་པོ་ཡོད་པའི་རྣམ་པ་མངོན་ཡོད་པ་དང་། ཐམས་ཅད་རྒྱལ་སྲུང་པུའུ་དང་སྤྱི་ཁྱབ་དྲག་ཇུས་པུའུ་ཡི་འཆར་གཞིའི་ནང་སྤེལ་རྒྱུ་ཡིན་ཞེས་བསྟན་འདུག

ཡུག་རེན་ཙུང་ཐུང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་སྤྱི་ཚེས་༡༥ཉིན། འདས་ཟིན་པའི་ཉིན་གཅིག་ནང་། ཨུ་རུ་སུས་འཇབ་རྒོལ་བྱས་པའི་རྐྱེན་གྱིས་ཡུག་རེན་གྱི་ས་གནས་མང་པོའི་མེ་སེར་བརྒྱ་ལྷག་ཙམ་ལ་ཤི་རྨས་བཟོས་ཅེས་བཤད་འདུག དེའི་ནང་། ཏི་ཉེ་པོ་ལོ་གྲོང་ཁྱེར་གྱི་དམངས་སྡོད་ཐོག་ཁང་ཞིག་ལ་ཨུ་རུ་སུའི་དམག་གི་མེ་ཤུགས་འཕུར་མདེལ་གྱི་འཇབ་རྒོལ་ཕོག་ཡོད་པ་དང་། མིག་སྔའི་བར་སླེབས་དུས་མི་༢༩རྐྱེན་ལམ་དུ་ཤོར་ཡོད་ཅེས་བཤད་འདུག

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཨུ་རུ་སུའི་ཙུང་ཐུང་གིས་དམིགས་བསལ་དམག་དོན་བྱ་སྤྱོད་ཀྱི་འཕེལ་རིམ་ཡག་པོ་ཡོད་ཅེས་བཤད་པ་དང་། ཡུག་རེན་ཕྱོགས་ནས་ཨུ་རུ་སུའི་དམག་གི་འཇབ་རྒོལ་རྐྱེན་པས་ཡུག་རེན་གྱི་མེ་སེར་བརྒྱ་ལྷག་ཙམ་ལ་ཤི་རྨས་བཟོས་ཡོད་ཅེས་བསྟན་པ།

ཡུག་རེན་ཙུང་ཐུང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་སྤྱི་ཚེས་༡༥ཉིན། འདས་ཟིན་པའི་ཉིན་གཅིག་ནང་། ཨུ་རུ་སུས་འཇབ་རྒོལ་བྱས་པའི་རྐྱེན་གྱིས་ཡུག་རེན་གྱི་ས་གནས་མང་པོའི་མེ་སེར་བརྒྱ་ལྷག་ཙམ་ལ་ཤི་རྨས་བཟོས་ཅེས་བཤད་འདུག དེའི་ནང་།