ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ནེ་པ་ལེའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལྷུངས་ནས་མི་༦༨ལ་ཆག་སྒོ་བྱུང་བ།

2023-01-19 10:17:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་འདི་གའི་དུས་ཚོད་སྤྱི་ཚེས་༡༥ཉིན་གྱི་སྔ་དྲོ། ནེ་པ་ལེའི་གངས་མིའི་མཁའ་འགྲུལ་ཀུང་སིའི་མི་༧༢བླུགས་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ནེ་པ་ལེའི་ནུབ་རྒྱུད་གྲོང་ཁྱེར་པོག་རར་ལྷུངས་ཡོད་པ་རེད། ནེ་པ་ལེའི་སྲིད་གཞུང་དཔོན་རིགས་ཀྱིས་སྤྱི་ཚེས་༡༥ཉིན། དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་༦༨བར་མང་དུ་ཕྱིན་ཡོད་ཅེས་བསྟན་འདུག དེའི་ཐད་ནེ་པ་ལེར་བཅའ་སྡོད་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཀྲང་ཡུའེ་ཡིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན།
དོན་རྐྱེན་ཐོན་པའི་དུས་གཏན་གནམ་གྲུ་དེ་སྤྱི་ཚེས་༡༥ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠དང་སྐར་མ་༣༢ལ་འཕུར་འགོ་ཚུགས་ཡོད་པ་དང་། ཆུ་ཚོད་༡༠དང་སྐར་མ་༥༠འི་སྐབས་འཕུར་བབ་བཀོད་གཏོང་ས་ཚིགས་དང་ཁ་པར་འབྲེལ་གཏུག་མཇུག་ཤོས་དེ་བྱས་ཡོད། དེ་རྗེས་ཡུན་རིང་མ་སོང་བར་པོག་རར་ལྷུངས་ཡོད་པ་རེད། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ལ་དོན་རྐྱེན་ཐོན་པའི་གནམ་གྲུ་དེའི་ནང་ཀྲུང་གོའི་སྤྱི་དམངས་མེད་ཅེས་གཏན་འཁེལ་བྱས་ཡོད་པ་རེད། ས་གནས་འདི་གའི་དུས་ཚོད་སྤྱི་ཚེས་༡༥ཉིན་གྱི་ཆུ་ཚོད་༢༡ཡས་མས་སུ། ནེ་པ་ལའེ་དམངས་སྤྱོད་མཁའ་འགྲུལ་ཅུད་དང་གངས་མི་མཁའ་འགྲུལ་ཀུང་སིའི་སྤྱི་བསྒྲགས་ལས། མིག་སྔར་རྐྱེན་ལམ་དུ་ཤོར་མཁན་༦༨ཀྱི་ཕུང་པོ་རྙེད་ཟིན་པ་དང་། མྱུར་སྐྱོབ་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད་པ་རེད།

གནམ་གྲུའི་རྐྱེན་ངན་འཕྲད་རྗེས། ནེ་པ་ལེའི་དྲག་ཆས་ཉེན་རྟོག་པ་དང་། ཉེན་རྟོག་པ། སྤྱི་ཚོགས་སྟོབས་ཤུགས་ཁག་ཅིག་གིས་ཁག་སོ་སོར་ཡུལ་དངོས་སུ་མྱུར་སྐྱོབ་བྱེད་པར་བསྐྱོད་ཡོད། གསར་འགོད་པ་ས་གནས་འདི་གའི་དུས་ཚོད་སྤྱི་ཚེས་༣ཉིན་གྱི་ཕྲི་དྲོའི་ཆུ་ཚོད་༣པའི་ཡས་མས་སུ་ཡུལ་དངོས་སུ་འབྱོར་ཡོད་པ་དང་། གནམ་གྲུའི་ཆག་རོ་ཆ་ཤས་ཤིག་ལྗིད་ཐེག་རླངས་འཁོར་གྱིས་འགྲམ་ངོགས་སུ་བསྐྱལ་ཡོད། ཡུལ་དངོས་ཀྱི་མེ་བསད་ཟིན་པ་དང་དུ་བ་མེད་ནའང་འཚིག་དྲི་ཁ་ཡི་ཡོད་པ་རེད། ལྷག་པར་དུ་ཆག་སྒོ་བྱུང་བའི་དུས་གཏན་གནམ་གྲུ་འཚིག་རྨས་ཚབས་ཆེན་བྱུང་ཡོད་པ་མཐོང་ཡོད། གནས་ཚུལ་མཐོང་མཁན་ལ་བཀའ་འདྲི་ཞུ་སྐབས། ཆག་སྒོ་བྱུང་བའི་དུས་གཏན་གནམ་གྲུ་དེ་ཁ་ནུབ་ནས་ཤར་དུ་སྐྱོད་པའི་ལམ་བར་དུ་གནམ་གྲུ་འཁྲུག་ཤོར་ནས་ཆུ་འགྲམ་ཞིག་གི་སྨྱུག་གླིང་ནང་དུ་ཤོར་ཡོད་པ་དང་། དེ་རྗེས་ཆུ་རོང་ཟབ་པོ་ཞིག་གི་ནང་འདྲེས་བརྡར་ཤོར་ཡོད།

དུས་གཏན་གནམ་གྲུ་ལྷུངས་པའི་ས་ཆ་དང་ཆུའི་འགྲམ་ངོགས་ཀྱི་མང་ཚོགས་སྡོད་སའི་ཁང་པའི་བར་བར་ཐག་སྨི་༢༠ལས་མེད། ནེ་པ་ལའེ་འབྲེལ་ཡོད་ལས་ཁུངས་ཀྱིས་མི་ལྔ་ལས་གྲུབ་པའི་བརྟག་དཔྱད་ཚོ་ཆུང་ཞིག་བཙུགས་ཡོད་པ་དང་། ད་ཐེངས་ཀྱི་གནམ་གྲུ་ལྷུངས་བའི་དོན་རྐྱེན་ཐད་བརྟག་དཔྱད་བྱ་རྒྱུ་ཡིན་པ་རེད།
དེ་མིན། ནེ་པ་ལའེ་སྲིད་གཞུང་དཔོན་རིགས་ཀྱིས་སྤྱི་ཚེས་༡༥ཉིན། ས་རུབ་ལ་ཉེ་བའི་རྗེས་མྱུར་སྐྱོབ་མི་སྣས་ཉིན་དེར་འགྲུལ་སྐྱེལ་གནམ་གྲུ་ལྷུངས་པའི་དོན་རྐྱེན་ཁྲོད་གར་སོང་ཆ་མེད་དུ་གྱུར་བའི་མི་བཞི་འཚོལ་རྒྱུ་མཚམས་བཞག་ཡོད་པ་རེད། མྱུར་སྐྱོབ་ལས་དོན་ཡང་ས་གནས་འདི་གའི་དུས་ཚོད་སྤྱི་ཚེས་༡༦ཉིན་གྱི་སྔ་ཙམ་སྐབས་སུ་སླར་གསོ་བྱ་རྒྱུ་ཡིན་པ་རེད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ནེ་པ་ལེའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལྷུངས་ནས་མི་༦༨ལ་ཆག་སྒོ་བྱུང་བ།

གནམ་གྲུའི་རྐྱེན་ངན་འཕྲད་རྗེས། ནེ་པ་ལེའི་དྲག་ཆས་ཉེན་རྟོག་པ་དང་། ཉེན་རྟོག་པ། སྤྱི་ཚོགས་སྟོབས་ཤུགས་ཁག་ཅིག་གིས་ཁག་སོ་སོར་ཡུལ་དངོས་སུ་མྱུར་སྐྱོབ་བྱེད་པར་བསྐྱོད་ཡོད། གསར་འགོད་པ་ས་གནས་འདི་གའི་དུས་ཚོད་སྤྱི་ཚེས་༣ཉིན་གྱི་ཕྲི་དྲོའི་ཆུ་ཚོད་༣པའི་ཡས་མས་སུ་ཡུལ་དངོས་སུ་འབྱོར་ཡོད་པ་དང་།