ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་རྒྱལ་ཁབ་གློག་དྲ་ཀུང་སིར་རྟོག་ཞིབ་གནང་བ་མ་ཟད་གཞི་རིམ་ལས་བྱེད་ལས་བཟོར་འཚམས་འདྲི་ཡང་གནང་བ།

2023-01-18 09:46:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་17ཉིན་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རྒྱལ་ཁབ་གློག་དྲ་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་པ་དང་། བརྙན་ལམ་ཐོག་ནས་གཞི་རིམ་གྱི་ལས་བྱེད་ལས་བཟོར་འཚམས་འདྲི་གནང་ཡོད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ། གློག་ཤུགས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ཧྲིལ་པོར་ཞབས་ཞུ་སྔར་བས་ལེགས་པ་སྒྲུབ་དགོས་ཞེས་ནན་བཤད་གནང་འདུག
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་རྟོག་ཞིབ་ལ་ལྷན་དུ་ཕེབས་ཡོད།

ལི་ཁེ་ཆང་གིས་བརྙན་ལམ་ཐོག་ནས་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ཚང་ཏུང་གློག་ཁང་དང་རྒྱལ་ཁབ་གློག་དྲ་ཧྲང་ཧའེ་ཧྥེང་ཞན་བརྗེ་སྒྱུར་ས་ཚིགས་དང་འབྲེལ་མཐུད་བྱས་ནས། ཁེ་ལས་ཀྱི་ལས་བཟོ་དང་སྤེལ་རེས་ཀྱིས་དཔྱིད་གསར་དུས་ཆེན་ལ་སྨོན་འདུན་ཞུས་གནང་ཡོད། ལི་ཁེ་ཆང་གིས་“དཔྱིད་གསར་དུས་ཆེན་ནི་ཀྲུང་གོ་བའི་དུས་ཆེན་གལ་ཆེ་ཤོས་ཤིག་ཡིན་ཞིང་། གློག་ཤུགས་ཁེ་ལས་ཀྱིས་ཉིན་མཚན་ཀུན་ཏུ་ལས་རེས་བྱེད་དགོས་པས། ཚང་མས་ངལ་རྩོལ་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་ལ་གློག་འོད་འཕྲོ་བར་བྱས་ཏེ་མང་ཚོགས་རྣམས་དཀར་ཆ་དོད་ལ་དྲོ་སོབ་སོབ་ངང་དཔྱིད་གསར་དུས་ཆེན་ གཏོང་ཐུབ་པ་བྱེད་དགོས”ཞེས་གསུངས་ཡོད། ལི་ཁེ་ཆང་གིས་རྡོ་སོལ་མཁོ་སྤྲོད་དང་རིན་གོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། གློག་ཁང་གི་རྡོ་སོལ་གསོག་འཇོག་འདང་ངེས་བྱུང་བར་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས“དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པས། གློག་ཤུགས་ཁེ་ལས་ཀྱིས་སྒྲིག་ཆས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཐོན་སྲིད་པའི་གནམ་གཤིས་སོགས་ཀྱི་གནོད་འཚེར་དུས་ཐོག་ཏུ་ཁ་གཏད་བཅག་སྟེ་དུས་ཆེན་རིང་གློག་མཁོ་འདོན་བདེ་འཇགས་དང་བློས་འགེལ་ཆོག་པའི་འགན་ལེན་བྱེད་པ་དང་། ལྷག་པར་དུ་སྨན་བཅོས་སོགས་གཙོ་གནད་ཁྱབ་ཁོངས་དང་ལས་རིགས་ལ་གློག་སྤྱོད་རྒྱུ་འགན་ལེན་བྱེད་དགོས”ཞེས་གསུངས་འདུག

རྒྱལ་ཁབ་གློག་དྲའི་འགན་འཁུར་བས་གློག་ཤུགས་མཁོ་འདོན་འགན་ལེན་བྱས་ཚུལ་སྙན་སེང་ཞུས་ཡོད།  ལི་ཁེ་ཆང་གིས་“ནུས་རྒྱུ་མཁོ་སྤྲོད་བྱ་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད། འདས་ཟིན་པའི་ལོ་གཅིག་རིང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ནི་ སྤྱིར་བཏང་གཏན་ནས་མིན་པ་དང་། རྒྱལ་སྤྱིའི་ནུས་རྒྱུའི་གནད་དོན་མངོན་གསལ་དོད་ཞིང་། རིན་གོང་འཕར་ཆག་ཆེན་པོ་བྱུང་བ་དང་། དུས་སྐབས་ཤིག་རིང་རྒྱལ་ནང་དུ་དྲོད་ཚད་མཐོ་ལ་ཆར་ཆུ་ཉུང་བས་གློག་མཁོ་འདོན་གྱི་གནོན་ཤུགས་ཇེ་ཆེར་སོང་ཡོད། འབྲེལ་ཡོད་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས། སྔོན་ཐོན་གྱི་རྡོ་སོལ་ཐོན་ནུས་མཁོ་འདོན་མགྱོགས་སུ་བཏང་བ། སྲིད་ཇུས་རབ་དང་རིམ་པ་ལག་ལེན་བསྟར་ཐོག རྡོ་སོལ་དང་གློག་གི་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱས་ཏེ། རྒྱལ་ནང་གི་ནུས་རྒྱུ་སྤྱོད་པའི་དགོས་མཁོར་འགན་ལེན་བྱས་པ་དང་། དཔལ་འབྱོར་ལུགས་མཐུན་ངང་འཕར་སྣོན་འགྲོ་རྒྱུར་འདེགས་སྐྱོར་བྱས་པ། དམངས་འཚོའི་དགོས་མཁོ་བསྐངས་པ། ལྷག་དོན་དུ་ཟོག་གོང་བརྟན་པོ་ཡོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་བཅས་ནི་ལས་སླ་པོ་ཞིག་གཏན་ནས་མིན། ནུས་རྒྱུ་དང་ཚོང་ཟོག་གལ་ཆེན་གཞན་དག་གི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་རྒྱུར་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ནས། དཔལ་འབྱོར་ལུགས་མཐུན་ངང་འཕར་སྣོན་འགྲོ་རྒྱུ་དང་ཟོག་གོང་བརྟན་པོ་ཡོང་རྒྱུར་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་དགོས”ཞེས་གསུངས་འདུག

རྒྱལ་ཁབ་གློག་ཤུགས་བཀོད་གཏོང་ཚོད་འཛིན་ལྟེ་གནས་སུ། ལི་ཁེ་ཆང་གིས་གློག་ཤུགས་ཐེག་ཚད་འགྱུར་ལྡོག་དང་འཁོར་སྐྱོད་བཀོད་གཏོང་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། ཁོང་གིས“གློག་ཤུགས་འདང་ངེས་ཡོད་ན་དཔལ་འབྱོར་ལ་གཞི་ནས་སྒུལ་ཤུགས་ཆེན་པོ་ལྡན་ཐུབ་པ་དང་། དམངས་འཚོར་གཞི་ནས་གདིང་ཤུགས་འདང་ངེས་ཡོད། དུས་ཆེན་རྗེས་ནི་སྔར་བཞིན་དགུན་དུས་གློག་སྤྱོད་ཚད་མཐོ་པོ་ཡོད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ལེགས་སུ་བཏང་བ་དང་བསྟུན་ནས། དཔལ་འབྱོར་འཕར་ཚད་རྒྱུན་མཐུད་ངང་འཕར་རྒྱུ་དང་གློག་ཤུགས་ཀྱི་དགོས་མཁོའང་ཆེ་རུ་འགྲོ་རྒྱུ་རེད། ནུས་རྒྱུ་མཁོ་སྤྲོད་དེ་མཚུངས་ཀྱི་འཕར་སྣོན་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་ནས། ས་ཁོངས་ཀྱི་གློག་ཤུགས་སྙོམས་སྒྲིག་དང་རིགས་ཁག་གི་གློག་ཁུངས་མཐུན་སྦྱོར་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ་རྩེར་སོན་གྱི་མཁོ་སྤྲོད་འགན་ལེན་ནུས་པ་ཆེ་རུ་བཏང་ཐོག དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གློག་བེད་སྤྱོད་དགོས་མཁོ་འགན་ལེན་བྱེད་དགོས། མིག་སྔར་དགུན་ཁ་ཤར་བས་བྱང་ཕྱོགས་ས་ཁུལ་གྱིས་དོན་དངོས་ལ་གཞིགས་ཏེ་ དྲོད་ལེན་ནུས་སྤྱོད་འགན་ལེན་དང་གློག་འཚམ་ན་གློག་དང་རྡོ་སོལ་འཚམ་ན་རྡོ་སོལ་སྤྱད་དེ་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་རྒྱུའི་འགན་ལེན་བྱེད་དགོས”ཞེས་གསུངས་འདུག
 ལི་ཁེ་ཆང་གིས“རང་རྒྱལ་ནི་སྔར་བཞིན་བཟོ་ལས་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་ཁྲོད་གནས་པ་དང་ནུས་རྒྱུ་ནི་རྨང་གཞིའི་རྨང་གཞི་ཡིན། ནུས་རྒྱུའི་ཁྱབ་ཁོངས་ཀྱི་ཁྲོམ་ར་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ནུས་རྒྱུའི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། ནུས་རྒྱུའི་མཁོ་སྤྲོད་འགན་ལེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། རྒྱལ་སྤྱིའི་ནུས་རྒྱུའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ས་ཁུལ་ཁག་དང་ཚན་པ་ཁག་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག དཔལ་འབྱོར་བརྟན་དུ་གཏོང་བའི་སྲིད་ཇུས་དང་རྒྱུན་མཐུད་བྱེད་ཐབས་དོན་འཁྱོལ་གཏིང་ཟབ་བྱས་ནས། ཁྲོམ་རའི་སྔོན་དཔག་དང་སེམས་ཤུགས་ཆེ་རུ་བཏང་སྟེ་ལས་ཞུགས་བརྟན་པོ་དང་ཟོག་གོང་བརྟན་པོ་ཡོང་རྒྱུར་ཤུགས་སྣོན་རྒྱག་ཐོག འདི་ལོའི་དཔལ་འབྱོར་འཁོར་རྒྱུག་ཡག་པོ་ཡོང་བའི་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱེད་དགོས”ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་རྒྱལ་ཁབ་གློག་དྲ་ཀུང་སིར་རྟོག་ཞིབ་གནང་བ་མ་ཟད་གཞི་རིམ་ལས་བྱེད་ལས་བཟོར་འཚམས་འདྲི་ཡང་གནང་བ།

རྒྱལ་ཁབ་གློག་ཤུགས་བཀོད་གཏོང་ཚོད་འཛིན་ལྟེ་གནས་སུ། ལི་ཁེ་ཆང་གིས་གློག་ཤུགས་ཐེག་ཚད་འགྱུར་ལྡོག་དང་འཁོར་སྐྱོད་བཀོད་གཏོང་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། ཁོང་གིས“གློག་ཤུགས་འདང་ངེས་ཡོད་ན་དཔལ་འབྱོར་ལ་གཞི་ནས་སྒུལ་ཤུགས་ཆེན་པོ་ལྡན་ཐུབ་པ་དང་།