ཕུ་ཅིང་གིས་ཨུ་རུ་སུའི་གྲོས་ཚོགས་སྨད་པར་བཅའ་ཁྲིམས་ཀྱི་མ་ཟིན་ཞིག་སྐྱེལ་སྤྲོད་བྱས་པ་དང་། ཡུག་རེན་ཕྱོགས་ནས་ཨུ་རུ་སུའི་དམག་གི་མེ་ཤུགས་འཕུར་མདེལ་འཇབ་རྒོལ་གྱིས་ཡུག་རེན་ལ་གཏོར་བརླག་རང་བཞིན་གྱི་མཇུག་འབྲས་བཟོས་ཡོད་ཅེས་བརྗོད་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་17ཉིན་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་ཨུ་རུ་སུའི་གྲོས་ཚོགས་སྨད་པར་བཅའ་ཁྲིམས་ཀྱི་མ་ཟིན་ཞིག་སྐྱེལ་སྤྲད་བྱས་པ་དང་། དེའི་ནང་སྤྱི་ལོ་2023ལོའི་ཟླ་3པའི་ཚེས་16ཉིན་ནས་བཟུང་ཡོ་རོབ་ཨུ་ཡོན་ལྷན་ཁང་དང་ཨུ་རུ་སུའི་དབར་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ཆིངས་ཡིག་21མེད་པར་བཟོ་རྒྱུའི་བླང་བྱ་བཏོན་ཡོད།
སྤྱི་ཚེས་17ཉིན་ཡུག་རེན་ཙུང་ལིས། སྤྱི་ཚེས་14ཉིན་ཨུ་རུ་སུའི་དམག་གིས་ཡུག་རེན་ལ་གཞི་ཁྱོན་ཆེ་བའི་མེ་ཤུགས་འཕུར་མདེལ་གྱི་འཇབ་རྒོལ་བྱས་པ་དེས་ཡུག་རེན་གྱི་ནུས་རྒྱུའི་ལས་རིགས་ལ་གཏོར་བརླགས་རང་བཞིན་གྱི་མཇུག་འབྲས་བཟོས་ཡོད་པ་དང་། ཁྱོན་ཚ་གློག་གློག་ཁང་9དང་གློག་སྒྱུར་ས་ཚིགས་3ལ་གཏོར་སྐྱོན་བཟོས་ཡོད་ཅེས་བརྗོད་པ་རེད།