ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཐུག་འཕྲད་གནང་བ།

2022-12-02 16:25:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་༡༢ཚེས་༡ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེའར་དང་ཐུག་འཕྲད་གནང་ཡོད་པ་རེད།

སྨི་ཞེའར་གྱིས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་སླར་ཡང་སེམས་སྡུག་ཆེན་པོས་མྱ་ངན་ཞུས་གནང་ཡོད།

ལི་ཁེ་ཆང་གིས། ང་ཚོས་བློ་མཐུན་ཅང་ཙེ་རྨིན་ལ་སེམས་སྡུག་ཆེན་པོས་མྱ་ངན་ཞུ་བ་དང་། ཡོ་རོབ་ཕྱོགས་ནས་མྱ་ངན་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ལི་ཁེ་ཆང་གིས། ཀྲུང་གོ་དང་ཡོ་རོབ་ནི་འཛམ་གླིང་ཐོག་གི་ཞི་བདེར་སྲུང་སྐྱོང་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཉིད་དང་གཏིང་ཟབ་ཅིང་མཛའ་གྲོགས་ཀྱི་གྲོས་མོལ་གནང་ཡོད། ཀྲུང་གོའི་ཕྱོགས་ནས་ཡོ་རོབ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་ལྟ་སྟངས་འདྲ་མཉམ་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། འགན་ཟླ་དང་ཕྱོགས་འགལ་ཐག་གཅོད་ཡག་པོ་བྱེད་པ། ནུས་རྒྱུ་དང་འབྲུ་རིགས་བདེ་འཇགས། གོ་ལ་ཧྲིལ་པོའི་ཐོན་ལས་འབྲེལ་འཐག་དང་མཁོ་སྤྲོད་འབྲེལ་འཐག་བཅས་ཀྱི་བདེ་འཇགས་བརྟན་ལྷིང་ལ་མཉམ་དུ་སྲུང་སྐྱོབ་བཅས་བྱས་སྟེ་ཀྲུང་གོ་དང་ཡོ་རོབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ནས་ཡོ་རོབ་གཞི་གཅིག་ཅན་དུ་འགྱུར་བའི་འཕེལ་རིམ་ལ་རྒྱབ་སྐྱོར་མཐའ་གཅིག་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོས་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་འདུག

སྨི་ཞེའར་གྱིས། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་ཀྲུང་གོའི་ཕྱོགས་དང་རེས་འཁོར་གསར་པའི་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འགོ་ཁྲིད་པའི་ཐུག་འཕྲད་ཡག་པོ་གཉེར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཕྱོགས་གཉིས་པོས་ད་དུང་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་དང་། ཧོ་ལི་ཧྥེང་ཐུག་འཕྲད་ནང་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཐུག་འཕྲད་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་༡༢ཚེས་༡ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེའར་དང་ཐུག་འཕྲད་གནང་ཡོད་པ་རེད།