ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

གསར་ཤོས། རྒྱལ་ཁབ་9ཡིས་ཡུལ་སྐོར་ཐད་ཐ་ཚིག་བསྒྲགས་འདུག

2022-12-01 15:52:00     责编:桑吉卓玛

བརྟག་དཔྱད་བྱས་འབྲས་གསར་ཤོས། རྒྱལ་ཁབ་9ཡིས་ཡུལ་སྐོར་ཐད་ཐ་ཚིག་བསྒྲགས་འདུག



ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་(CNNNN)ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11ཚེས་27ཉིན་ཁྱབ་བསྒྲགས་བྱས་པའི་བརྟག་དཔྱད་ཅིག་ལས་མངོན་པར། ཨ་རིར་དྲག་ཤུགས་དོན་རྐྱེན་ཡང་ཡང་ཐོན་པའི་དབང་གིས་རྒྱལ་ཁབ་དགུ་ཡིས་ཨ་རིར་དམིགས་པའི་ཡུལ་སྐོར་ཐ་ཚིག་བསྒྲགས་འདུག

CNNཡི་བརྟག་དཔྱད་དེ་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་དང་དེའི་མནའ་གྲོགས་རྒྱལ་ཁབ་ལ་དམིགས་པ་ཞིག་ཡིན་ཞིང་། བརྟག་དཔྱད་བྱས་པ་ལས་མངོན་པ་ལྟར་ན། ཨོ་སི་ཁྲུ་ལི་ཡས་ཨ་རིར་ཡུལ་སྐོར་ལ་འགྲོ་འཆར་ཡོད་མཁན་ཚོར། ཨ་རིའི་དྲག་ཤུགས་ཉེས་གསོག་ཨོ་སི་ཁྲུ་ལི་ཡ་ལས་མང་ཞིང་། ས་ཁུལ་ཚང་མར་མེ་མདའི་ཉེས་གསོག་དོན་རྐྱེན་ཐོན་ཉེན་ཡོད་ཅེས་ཐ་ཚིག་བསྒྲགས་ཡོད་པ་རེད།

ཁ་ན་ཏ་དང་དབྱིན་ཇི་གཉིས་ཀས་རང་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཨ་མེ་རི་ཁར་གཞི་རྒྱ་ཆེ་བའི་མེ་མདའི་དྲག་ཤུགས་དོན་རྐྱེན་འབྱུང་ཉེན་ཡོད་པའི་དྲན་སྐྭལ་བྱས་པ་དང་། དབྱིན་ཇིས་ད་དུང་མི་རྣམས་ལ་དགོང་མོ་གཅིག་པུར་མི་ཉུང་བའི་ས་ཁུལ་དུ་མི་འགྲོ་བའི་གྲོས་འགོ་བཏོན་པ་རེད།

འཇར་མན་གྱིས་རང་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཨ་རིར་རིམས་ནད་བྱུང་རིང་མཚོན་ཆ་དང་རྫས་མདེལ་ཉོ་ཚད་ཆེས་ཆེར་འཕར་བ་དྲན་སྐུལ་བྱས་པ་དང་། ཆབས་ཅིག་མི་རྣམས་ལ་རིགས་རྒྱུད་རིང་ལུགས་དང་ཨ་རིའི་ཉེན་རྟོག་པའི་དབར་གདོང་ཐུག་ཡོང་ཉེན་ཡོད་པར་དོ་སྣང་བྱེད་དགོས་པའི་ཐ་ཚིགས་བསྒྲགས་ཡོད།

ལྗན་པན་གྱིས་རང་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་མེ་མདའི་ཉེས་གསོག་ནི་ཨ་རིའི་བདེ་འཇགས་གནད་དོན་གཙོ་བོའི་གྲས་ཤིག་ཡིན་ཚུལ་བརྗོད་པ་མ་ཟད། ཨ་རིར་བསྐྱོད་མཁན་སྤྱི་དམངས་ལ་“མེ་མདའི་དོན་རྐྱེན་བྱུང་ཚེ་ཇི་ལྟར་བྲོས་བྱོལ་ལམ་གཟུར་གཡོལ་བྱེད་ཐབས་”ཀྱི་གྲོས་འགོ་བཏོན་པ་རེད།

གཞན་ཡང་། དབྱི་སི་རལ་དང་། ཧྥ་རན་སེ།མོ་ཞི་ཁོ། དེ་བཞིན་ནེའུ་ཙི་ལན་བཅས་ཚང་མས་ཨ་རིར་ཡུལ་སྐོར་དུ་སྐྱོན་མཁན་ལ་ཚད་གཞི་མི་འདྲ་བའི་ཉེན་བརྡ་གཏོང་བཞིན་པ་མ་ཟད། ཨ་རིའི་ཉེས་གསོག་གནད་དོན་སྐོར་གླེང་ཡོད་པ་རེད།

ཨ་རིའི་“མེ་མདའི་དྲག་ཤུགས་ཡིག་ཚགས་”དྲ་ཚིགས་ཀྱི་བསྡོམས་རྩིས་གྲངས་གཞིར་གཞིགས་ན། ད་ལོའི་ལོ་འགོ་ནས་སྤྱི་ཟླ་11ཚེས་26ཉིན་བར་ཨ་རིར་ཉུང་མཐར་ཡང་མི་4ཤི་རྨས་བྱུང་བའི་གཞི་ཁྱོན་ཆེ་བའི་མེ་མདའི་དོན་རྐྱེན་ཁག་613ཐོན་པ་དང་། མེ་མདའ་དང་འབྲེལ་བ་ཡོད་པའི་དོན་རྐྱེན་སྣ་ཚོགས་ལས་མི་40057ཚེ་སྲོག་ཤོར་བ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་འཛིན།

ཡིག་སྒྱུར། ཨ་བསྟན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

གསར་ཤོས། རྒྱལ་ཁབ་9ཡིས་ཡུལ་སྐོར་ཐད་ཐ་ཚིག་བསྒྲགས་འདུག

ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་(CNNNN)ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11ཚེས་27ཉིན་ཁྱབ་བསྒྲགས་བྱས་པའི་བརྟག་དཔྱད་ཅིག་ལས་མངོན་པར། ཨ་རིར་དྲག་ཤུགས་དོན་རྐྱེན་ཡང་ཡང་ཐོན་པ