ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་དང་ཧ་སག་སི་ཐན་གྱི་ཙུང་ལིས་ཀྲུང་ཧའི་ཙུང་ལིའི་ཐུག་འཕྲད་གནང་བ།

2022-11-30 19:30:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་11པའི་ཚེས་29ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ཐོག་ནས་ཧ་སག་སི་ཐན་གྱི་ཙུང་ལི་སི་མའེ་ལུའོ་ཧྥུ་དང་ཀྲུང་ཧའི་ཙུང་ལིའི་ཐུག་འཕྲད་གནང་བ་རེད།

ལི་ཁེ་ཆང་གིས། ཀྲུང་གོ་དང་ཧ་སག་སི་ཐན་ནི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ཕྱི་འབྲེལ་བཙུགས་ནས་ལོ་30སོང་རིང་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་ཡོད། ད་ལོའི་ཟླ་9པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་དུ་ལེགས་འགྲུབ་ལྡན་པའི་སྒོ་ནས་འཚམས་འདྲི་གནང་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཐོ་རིམ་འགྲོ་འོང་དང་རིམ་པ་ཁག་གི་འབྲེལ་གཏུག་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་ལ་སྲུང་སྐྱོང་དེ་བས་ལེགས་པ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ལི་ཁེ་ཆང་གིས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཉམ་ལས་རྨང་གཞི་ཡག་པོ་ཡོད་པ་དང་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་ཅིང་། མི་མངོན་པའི་སྟོབས་ཤུགས་ཆེན་པོ་དང་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ལྡན་ཡོད། ཕྱོགས་གཉིས་པོས་སྲིད་གཞུང་དབར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འཆར་འགོད་དོན་འཁྱོལ་ཡག་པོ་བྱས་ཐོག མ་འཇོག་སྲུང་སྐྱོང་གི་གྲོས་མཐུན་པར་གཞི་གསར་པ་དང་ཐོན་ནུས་དང་མ་འཇོག་མཉམ་ལས་ཀྱི་འཆར་འགོད་ལ་མགྱོགས་མྱུར་གྲོས་མོལ་བྱས་ནས་གན་རྒྱ་འཇོག་རྒྱུ་དང་། མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་དང་མཐའ་མཚམས་འགག་སྒོའི་ཟོག་སྐྱེལ་བྱེད་ཚད་མཐོ་རུ་གཏོང་རྒྱུ། ཕྱོགས་གཉིས་པོའི་ཉོ་ཚོང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་བཅས་ཀྱི་རེ་བ་ཡོད། ནུས་རྒྱུའི་མཉམ་ལས་ནི་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་རྨང་རྡོ་ལྟ་བུ་ཡིན་པས། ཧ་སག་སི་ཐན་ཕྱོགས་ཀྱིས་གན་རྒྱའི་གཏན་འབེབས་གཞིར་བཟུང་ཀྲུང་གོར་རང་བྱུང་སོལ་རླངས་མཁོ་འདོན་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་དང་འབྲེལ་དགུན་དུས་སུ་སོལ་རླངས་མཁོ་འདོན་བྱེད་ཚད་མང་དུ་གཏོང་གང་ཐུབ་བྱ་རྒྱུའི་རེ་བ་ཡོད།

ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་གྱི་སྤུས་ལེགས་གནོད་མེད་ཞིང་འབྲོག་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་དངུལ་རྩ་དང་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་འཕར་གཞི་གསར་པ་སྔོག་འདོན་བྱེད་ཆོག་གི་ཡོད་པ་དང་། གཞན་ཡང་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། དམངས་སེམས་གཅིག་མཐུན་ཡོང་བ་བྱེད་པ། ཕན་ཚུན་རྒྱལ་གྲོལ་མཆན་འགོད་མེད་པ་བཟོ་བའི་གྲོས་མོལ་གྱི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་ལ་སྟབས་བདེ་སྔར་ལས་ཆེ་བ་བསྐྲུན་དགོས་ཞེས་གསུངས་པ་རེད།

སི་མའེ་ལུའོ་ཧྥུས། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཧ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་གོ་སྐབས་སུ་བྱས་ནས་ཀྲུང་གོ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་གཞུང་དབར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་འཆར་འགོད་དོན་འཁྱོལ་ཡག་པོ་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་། ཐོན་ནུས། ནུས་རྒྱུ། ཞིང་ལས། མཉམ་སྦྲེལ་མཉམ་མཐུད། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མི་སྣ་འགྲོ་འོང་མང་དུ་གཏོང་བ་བཅས་བྱས་ཏེ། ཧ་ཀྲུང་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ལི་ཁེ་ཆང་དང་ཧ་སག་སི་ཐན་གྱི་ཙུང་ལིས་ཀྲུང་ཧའི་ཙུང་ལིའི་ཐུག་འཕྲད་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་11པའི་ཚེས་29ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ཐོག་ནས་ཧ་སག་སི་ཐན་