ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལྷ་གྲུ་ཨང་བཅོ་ལྔ་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ཐུགས་གྲ་ལེགས་འགྲུབ་བྱུང་བ།

2022-11-30 19:25:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་མི་བཞུགས་མཁའ་སྐྱོད་ལས་གཞི་གཞུང་དོན་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས་29ཉིན་གྱི་མཚན་མོ། ལྷ་གྲུ་ཨང་བཅོ་ལྔ་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་། བར་སྣང་ས་ཚིགས་ཀྱི་འགག་རྩའི་ལག་རྩལ་ཚོད་ལྟས་ར་སྤྲོད་དང་འཛུགས་སྐྲུན་དུས་མཚམས་ཀྱི་འཕེན་གཏོང་ལས་འགན་ཐེངས་12ཚང་མ་ལེགས་སྒྲུབ་བྱུང་ཡོད་པ་རེད། སྤྱི་ཚེས་30ཉིན་གྱི་ཆུ་ཚོད་5དང་སྐར་མ་42ཐོག འཕུར་གྲུ་དང་བར་སྣང་ས་ཚིགས་ཀྱི་ཐེན་ཧོ་ལྟེ་བའི་གྲུ་ཚང་གི་མདུན་ངོས་བདེ་བླག་ངང་སྦྲེལ་མཐུད་ཐུབ་ཡོད། ལས་འགན་གྱི་འཆར་གཞི་ལྟར་ན། མཁའ་སྐྱོད་པ་གསུམ་དེ་རྗེས་ལྷ་གྲུ་ཨང་བཅོ་ལྔ་པའི་མི་བཞུགས་འཕུར་གྲུ་ནས་ཐེན་ཧོ་ལྟེ་བའི་གྲུ་ཚང་ནང་འཛུལ་རྒྱུ་རེད།

དེ་ཡང་ཀྲུང་གོའི་མཁའ་སྐྱོད་པས་བར་སྣང་ས་ཚིགས་སུ་མི་བཞུགས་འཕུར་གྲུར་བསུ་བ་ཞུ་ཐེངས་དང་པོ་དེ་རེད།

འཕུར་གྲུ་འཁོར་ལམ་དུ་སླེབས་རྗེས། སྔོན་གཏན་འཁེལ་བའི་གོ་རིམ་ལྟར་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་མ་ལག་དང་རང་བརྟེན་ངང་མགྱོགས་མྱུར་སྦྲེལ་མཐུད་བྱས་ཏེ། ལྷ་གྲུ་ཨང་བཅོ་ལྔ་པའི་མཁའ་སྐྱོད་ཚོགས་ཆུང་དང་ལྷ་གྲུ་ཨང་བཅུ་བཞི་པའི་མཁའ་སྐྱོད་ཚོགས་ཆུང་འཁོར་ལམ་ཐོག་བརྗེ་རེས་བྱ་རྒྱུ་ཡིན་པ་རེད།

ལྷ་གྲུ་ཨང་བཅོ་ལྔ་པའི་མཁའ་སྐྱོད་ཚོགས་ཆུང་གིས་བར་སྣང་ས་ཚིགས་སུ་ལས་ཀ་དང་འཚོ་བ་སྐྱེལ་ནས་ཟླ་བ་དྲུག་ཙམ་བསྡད་རིང་གྲུ་ཚང་ནས་དོན་པའི་བྱེད་སྒོ་ཐེངས་མང་སྤེལ་རྒྱུ་ཡིན་པ་དང་། གྲུ་ཚང་ཕྱི་ནང་གི་སྒྲིག་ཆས་སྒྲིག་སྦྱོར་དང་། སྙོམ་སྒྲིག་ཚོད་ལྟ། སྲུང་སྐྱོང་ཉམས་གསོ། སྡེབ་སྒྲིག་མ་ལག་ལ་དོ་དམ། བར་སྣང་ཚན་རིག་དང་ལག་རྩལ་ཚོད་ལྟ་སོགས་ཀྱི་ལས་འགན་ཁག་ལེགས་སྒྲུབ་བྱ་རྒྱུ་རེད།

ད་ཐེངས་ཀྱི་ལས་འགན་ནི་རང་རྒྱལ་གྱི་མི་བཞུགས་མཁའ་སྐྱོད་ལས་གཞིའི་རྣམ་གྲངས་སྤེལ་འགོ་བཙུགས་ཚུན་གྱི་འཕུར་སྐྱོད་ལས་འགན་ཐེངས་27པ་དེ་ཡིན་ལ། བར་སྣང་ས་ཚིགས་ཀྱི་དུས་མཚམས་སུ་སླེབས་རྗེས་ཀྱི་མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་ཐེངས་4པ་དེ་ཡང་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ལྷ་གྲུ་ཨང་བཅོ་ལྔ་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ཐུགས་གྲ་ལེགས་འགྲུབ་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་མི་བཞུགས་མཁའ་སྐྱོད་ལས་གཞི་གཞུང་དོན་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས་29ཉིན་གྱི་མཚན་མོ། ལྷ་གྲུ་ཨང་བཅོ་ལྔ་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ཐུགས་ག